དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྤྱིའི་སློབ་གསོའི་གསར་གཏོད་འཕེལ་ཕྱོགས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་པ།

    《ལས་རིགས་སློབ་གསོའི་རྒྱལ་སྤྱིའི་གསར་གཏོད་ཀྱི་འཕེལ་ཕྱོགས2025ལོ》ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-23

     ཟླ་1ཚེས་20ཉིན། ཀྲུང་གོ་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་དང་མི་དམངས་དྲ་བས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་རྒྱལ་སྤྱིའི་སློབ་གསོའི་གསར་གཏོད་འཕེལ་ཕྱོགས་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད།

    ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“ལས་རིགས་སློབ་གསོའི་རྒྱལ་སྤྱིའི་གསར་གཏོད་འཕེལ་ཕྱོགས”ཡིན་པ་དང་། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད་དེ་འཚོགས་ཡོད། སྲིད་གཞུང་གི་སྒྲིག་གཞི་དང་། རྒྱལ་སྤྱིའི་རྩ་འཛུགས། ལས་རིགས་སློབ་གླིང་དང་སློབ་གྲྭ། སྤྱིར་བཏང་མཐོ་སློབ། ལས་རིགས་ཁེ་ལས། ཚན་ཞིབ་ཁང་དང་སུའོ་སོགས་ཀྱི་འཐུས་མི་དང་སྐུ་མགྲོན་200ལྷག་ཙམ་གྱིས་ཐུན་མོང་ཐོག་ལས་རིགས་སློབ་གསོའི་འཕེལ་རྒྱས་གནས་ཚུལ་ལ་གྲོས་བསྡུར་བྱས་ཏེ་རྒྱལ་སྤྱིའི་ལས་རིགས་སློབ་གསོའི་གསར་གཏོད་འཕེལ་ཕྱོགས་ཐད་སྤེལ་རེས་གང་ལེགས་བྱས་པ་རེད།

    བགྲོ་གླེང་ཚོགས་འདུའི་ཐོག ཀྲུང་གོ་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གིས《ལས་རིགས་སློབ་གསོའི་རྒྱལ་སྤྱིའི་གསར་གཏོད་ཀྱི་འཕེལ་ཕྱོགས2025ལོ》ཁྱབ་བསྒྲགས་བྱས་པ་དང་། སྙན་ཞུ་དེའི་ནང་ལས་རིགས་སློབ་གསོའི་རྒྱལ་སྤྱིའི་གསར་གཏོད་འཕེལ་ཕྱོགས་དེ་ཕྱོགས་བརྒྱད་ནས་མངོན་པའི་ངོས་འཛིན་བྱས་ཡོད་པ་སྟེ། གཅིག་ནི་སྤྱི་པའི་ཐོན་རྫས་ཅན་ཡིན་པ་དང་སྤྱི་པའི་ཐོན་རྫས་ཀྱི་ངོ་བོ་ཉིན་བཞིན་མངོན་པ་དང་། གཉིས་ནི་སྤྱི་ཡོངས་རྩལ་ནུས་ཅན་ཡིན་པ་དང་ཕྱོགས་རྐྱང་པར་མཐོང་ཆེན་བྱེད་པ་ནས་སྤྱི་ཡོངས་ཀྱི་རྩལ་ནུས་འཕེལ་རྒྱས་ཀྱི་ཕྱོགས་སུ་སྒྱུར་བ། གསུམ་ནི་སྣ་མང་མཐུན་སྦྱོར་ཅན་ཡིན་པ་དང་བྱེད་པོ་མང་པོའི་མཐུན་སྦྱོར་དང་སྣ་མང་ཅན་གྱི་མཁོ་སྤྲོད་ལ་མཐོང་ཆེན་བྱེད་པ། བཞི་ནི་ཕྱོགས་སྒྱུར་གྲངས་འཛིན་ཅན་ཡིན་པ་དང་ཐོན་ལས་གྲངས་འཛིན་ཅན་དང་བསྟུན་ནས་སྤྱི་ཡོངས་ཕྱོགས་སྒྱུར་བྱུང་བ། ལྔ་ནི་ཚེ་གང་ཅན་ཡིན་པ་དང་ཚེ་སྲོག་ཀྱི་དུས་འཁོར་ནང་རྩལ་ནུས་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱེད་པ། དྲུག་ནི་ཐོན་སློབ་ཀྱི་དགེ་རྒན་ཉིས་ལྕོགས་ཅན་ཡིན་པ་དང་ཐོན་སློབ་མཉམ་འདྲེས་ཁྲོད་དགེ་རྒན་གྱི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་བ། བདུན་ནི་ཁྲིམས་སྐྱོང་མ་ལག་ཅན་ཡིན་པ་དང་ཕྱོགས་མང་ཁྲིམས་སྐྱོང་འགན་སྲུང་མ་ལག་འཛུགས་པ། བརྒྱད་ནི་རྒྱལ་སྤྱི་གཞི་གཅིག་ཅན་ཡིན་པ་དང་མཉམ་ལས་ལམ་སྲོལ་དང་ཚད་གཞིའི་མ་ལག་སྦྲེལ་མཐུད་དང་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་བཅས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།