རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་ཁྱོན་བསྡོམས་གྲོས་གཞི་367འབྱོར་བ།
ཟླ་1ཚེས་22ཉིན། གསར་འགོད་པས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་གཞི་ཚོགས་ཆུང་ནས་ཤེས་རྟོགས་བྱས་པར། ཚོགས་ཆེན་མ་གྲོལ་བར་ཚོགས་ཆེན་ལ་འཐུས་མིའི་གྲོས་གཞི་ཁྱོན་བསྡོམས་367འབྱོར་ཞིང་། དེ་དག་དཔལ་འབྱོར་དང་། ཚན་རིག་སློབ་གསོ་དང་རིག་གནས་འཕྲོད་བསྟེན། ཞིང་ལས་དང་གྲོང་གསེབ། མཐའ་མཚམས་འཛུགས་སྐྲུན་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བའི་གྲོས་གཞི་མཚམས་འཇོག་གི་དུས་ཚོད་ལྟར་ན། ཟླ་1ཚེས་20ཉིན་གྱི་ཆུ་ཚོད་18བར་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡི་གྲོས་གཞི་ཚོགས་ཆུང་ལ་གྲོས་གཞི་འབྱོར་མེད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཚོགས་ཆེན་གྲོལ་རྗེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཚོགས་པ་དང་འཐུས་མིས་བཏོན་པའི་གྲོས་གཞི་རིགས་དབྱེ་ནས་དུས་ཐོག་ཏུ་སྒྲུབ་གཉེར་ཚན་པར་ཞིབ་འཇུག་སྒྲུབ་གཉེར་བྱ་རྒྱུར་རྩིས་སྤྲད་པ་མ་ཟད། འབྲེལ་ཡོད་ཚན་པས་དོན་འཁྱོལ་ནན་ཏན་བྱ་རྒྱུར་སྐུལ་འདེད་བཏང་ནས་འཐུས་མིའི་གྲོས་གཞི་དག་ཐག་གཅོད་ལེགས་པོ་ཡོང་བའི་འགན་ལེན་བྱས་པ་རེད།