—— རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་ལུའོ་ཆིན་ཝུའུ་ལ་བཅར་འདྲི་ཞུས་པ།
ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་འབུལ་གྱི་ཡིན།
འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ལུའོ་ཆིན་ཝུའུ་ཡིན་པ།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ལུའོ་ཆིན་ཝུའུ་ཡིས“འདས་ཟིན་པའི་ལོ་གཅིག་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག ཆབ་མདོ་གྲོང་ཁྱེར་གྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། སྔོན་དཔག་བྱས་ན། 2024ལོར་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་7.5%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་21.2%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་8%འཕར་བ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་19.77%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6.8%དང་8.4%སོ་སོར་འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་33.2%འཕར་བ་བཅས་བྱུང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱིས་སྤུས་ཚད་མཐོ་རུ་ནུས་ལྡན་དང་གྲངས་འབོར་ལུགས་མཐུན་འཕར་བ་མངོན་འགྱུར་བྱུང་ཡོད”ཅེས་གསུངས་པ་རེད།
2024ལོར་ཆབ་མདོ་གྲོང་ཁྱེར་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་གཏིང་ཟབ་བྱས་ནས་དམངས་འཚོའི་བདེ་རྩ་ལེགས་སུ་རྒྱུན་མཐུད་བཏང་སྟེ། གྲོང་ཁྱེར་དང་གྲོང་རྡལ་དུ་མི་7633ལ་ལས་ཞུགས་ཐུབ་པ་དང་འབབ་འཕར་སྒོར་དུང་ཕྱུར་1.82བྱུང་བ་དང་། ཞིང་འབྲོག་པ་མི་ཁྲི་13ལས་ཞུགས་གཞན་སྒྱུར་ཐུབ་པ་དང་འབབ་འཕར་སྒོར་དུང་ཕྱུར་22.8བྱུང་ཡོད། “གཉིས་གཏོད”ལས་སྟེགས་11བསྐྲུན་པ་དང་སློབ་ཆེན་སློབ་མར་ལས་ཞུགས་དང་ལས་གཏོད་ཀྱི་ཁ་གསབ་སྒོར་ཁྲི་8039སྤྲད་པ། ཞིང་འབྲོག་པ་6014ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་འཛུགས་སྐྲུན་ནང་ཞུགས་པར་སྒྲིག་འཛུགས་ཧུར་ཐག་བྱས་ཡོད།
ལུའོ་ཆིན་ཝུའུ་ཡིས། 2025ལོར་ཆབ་མདོ་གྲོང་ཁྱེར་གྱིས་བརྟན་ཐོག་ཡར་འཕེལ་དང་། ཡར་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ། གཞུང་འཁྱོངས་གསར་འབྱེད། སྔོན་འཛུགས་རྗེས་གཏོར། མ་ལག་འདུས་གྲུབ། མཐུན་སྦྱོར་གཞོགས་འདེགས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། “ཆགས་པ་གསུམ”གྱི་ལས་དོན་ལེགས་པར་བསྒྲུབས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”གདོང་ལེན་རུ་ཁག་དང་གདོང་དམག་བརྩོན་ལེན་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆབ་མདོའི་འགན་འཁྲི་སྔར་བས་ལེགས་པར་ཁུར་གྱི་ཡིན་ཞེས་གསུངས།