དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གོམ་པ་བརྟན་པོ་སྤོས་ནས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་རྒྱང་ལམ་གསར་པར་ནག་ཆུས་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན།

    —— རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་བཀྲ་ཤིས་རྡོ་རྗེ་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-23

    འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་བཀྲ་ཤིས་རྡོ་རྗེ་ཡིན་པ།

    2024ལོར་ནག་ཆུ་གྲོང་ཁྱེར་གྱིས་ཇི་ལྟར་བྱས་ནས“འཛུགས་གཏོད་བཞིར”སྐུལ་འདེད་ཤུགས་ཆེན་བཏང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བསྒྲུབས་ཡོད་པ། 2025ལོར་ནག་ཆུ་གྲོང་ཁྱེར་གྱི་ལས་དོན་ཁག་གི་ཤུགས་རྒྱག་སའི་ཁ་ཕྱོགས་གང་དག་ཡིན་ནམ། ཚོགས་འདུ་གཉིས་རིང་གསར་འགོད་པས་གོང་གསལ་གྱི་གནད་དོན་ལ་དམིགས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་བཀྲ་ཤིས་རྡོ་རྗེ་ལ་བཅར་འདྲི་ཞུས་པ་རེད།

    བཀྲ་ཤིས་རྡོ་རྗེ་ཡིས། 2024ལོར་ནག་ཆུ་གྲོང་ཁྱེར་གྱིས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བཞག་ནས་ཡུན་རིང་བདེ་འཁོད་ཀྱི“འཕྲལ་བཅོས”ཀྱི་ལས་འགན་དང“རྩ་བཅོས”ཀྱི་ལས་དོན་མཉམ་འདྲེས་དམ་ཟབ་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། འཕྲལ་སྡོམ་སྔོན་ཇུས་མ་ལག་དང་རིམ་པས་རོགས་སྐྱོར་བྱེད་པའི་སྟོབས་ཤུགས་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་གནད་དོན་འཕྲད་མ་ཐག་ཁྲིམས་བཞིན་མགྱོགས་མྱུར་ཐག་གཅོད་འོས་འཚམ་ཐུབ་པའི་འགན་ལེན་བྱས་པ་དང་། “གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་བྱེད་སྒོ་མུ་མཐུད་སྲ་བརྟན་དང་། རྒྱ་སྐྱེད། མཐོར་གཏོང་བཅས་བྱས་ཏེ། “མཉམ་སྐྲུན་མཉམ་བཅོས་མཉམ་རོལ་དང་མཉམ་དུ་འབབ་འཕར་ཕྱུག་འགྱུར”གྱི་མདུན་སྐྱོད་དཔུང་ཁག་གི་ལས་དོན་གསར་གཏོད་ངང་སྤེལ་ནས་མང་ཚོགས་ཚོར་བྱ་བ་དངོས་དང་བྱ་བ་བཟང་པོ་ཁག་2514བསྒྲུབས་པ་དང་། མང་ཚོགས་ལ་འབབ་འཕར་སྒོར་ཁྲི་2521.86ཡོང་བར་སྐུལ་ཁྲིད་བྱས་པ། བྱེད་སྒོའི་དཔེ་མཚོན་རྒྱལ་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གསར་གཏོད་དཔེ་མཚོན་ནང་ཚུད་པ་བཅས་བྱུང་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

    “2025ལོ་ནི་ནག་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཁག་ལག་བསྟར་དོན་འཁྱོལ་བྱེད་པའི་དོན་འཁྱོལ་དམ་འཛིན་གྱི་ལོ་ཞིག་རེད” བཀྲ་ཤིས་རྡོ་རྗེས་ནག་ཆུ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འཕྲལ་དུ་སྒྲུབ་པ་དང་དམ་འཛིན་དངོས་སྒྲུབ་བྱེད་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱར་གཞིགས་པ། སྒྱུར་བཅོས་གསར་གཏོད་དེ་རྩ་བའི་སྒུལ་ཤུགས་སུ་མཐའ་འཁྱོངས་བྱེད་པ། “མི་འབོར་དང་། མི་སེམས། ཤེས་ལྡན་པ”བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ཤུགས་རྒྱག་སར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་སྲུང་སྐྱོང་གི་རྒྱུན་སྲིང་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱ་རྒྱུ་དང་། བློ་བརྟན་འགྱུར་མེད་ངང་མ་འཇོག་འཛད་སྤྱོད་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་ཐབས་བརྒྱ་ཇུས་སྟོང་གིས་དཔལ་འབྱོར་ཡར་ཐོན་དང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ། བློ་བརྟན་འགྱུར་མེད་ངང་ཐོན་ལས་འཕེལ་རྒྱས་ཀྱི་མཐོར་གཏོང་དམག་འཐབ་ཡག་པོ་རྒྱག་པ་དང་འཕེལ་རྒྱས་ཀྱི་ལེགས་ཆའི་ཐོན་ལས་ལ་ཤུགས་སྣོན་བརྒྱབ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེའི་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་ནས། ཁྲོམ་རའི་གསོན་ཤུགས་འཕེལ་བ་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་ཆེ་རུ་གཏོང་རྒྱུ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་དམག་འཐབ་ཡག་པོ་བརྒྱབ་ནས། ས་མཐོའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་གཏོང་རྒྱུ། བློ་བརྟན་འགྱུར་མེད་ངང་གྲོང་ཁྱེར་གྱི་གསར་འབྱེད་རིམ་སྤོར་དམག་འཐབ་ཡག་པོ་བརྒྱབ་ནས། བྱང་ཐང་གི་ཁྱད་ཆོས་ལྡན་པ་དང་ནག་ཆུའི་ཉམས་འགྱུར་ལྡན་པའི་མི་དམངས་ཀྱི་བློ་ཡིད་ཚིམ་པའི་གྲོང་ཁྱེར་ཞིག་རིམ་གྱིས་བསྐྲུན་རྒྱུ་བཅས་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།