དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ལིན་ཡུང་གིས་གསུངས་དོན།

    རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་ཡུལ་སྐོར་དང་རིག་གནས་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-23

    “རིག་གནས་ཡུལ་སྐོར་ཐོན་ལས་ནི་ཐོན་ལས་གསུམ་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན། སྨན་གླིང་གྲོང་ཁྱེར་གྱིས་སྲོལ་རྒྱུན་རིག་གནས་དང་དེང་རབས་ཡུལ་སྐོར་གཉིས་ཐབས་མཁས་ངང་ཟུང་འབྲེལ་བྱས་ཏེ། ཡུལ་སྐོར་ལ་བརྟེན་ནས་རིག་གནས‘མཐོང་ཐུབ་པ’དང་། རིག་གནས་ལ་བརྟེན་ནས་ཡུལ་སྐོར‘ངེས་ཐུབ་པ’བྱས་པས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བ་བྱ་རྒྱུ་དེ་རིག་གནས་ཡུལ་སྐོར་ཐོན་ལས་སྣ་མང་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་རིམ་པ་དང་པོའི་ཀྲུའུ་རེན་ཁའོ་ཡོན་ལིན་ཡུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་སྨན་གླིང་གྲོང་ཁྱེར་གྱིས་ཁྱོན་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་259.35ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་11.04%འཕར་བ་དང་། ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་21.89ཟིན་པ་དེ་དུས་མཚུངས་ལས་13.33%འཕར་བ། ཞིང་འབྲོག་པའི་ཡོང་འབབ་སྒོར་ཁྲི་3091.56ཟིན་པ་དེ་དུས་མཚུངས་ལས་11.89%འཕར་བ། ཡུལ་སྐོར་དམངས་ཕན་མ་དངུལ་སྒོར་ཁྲི་2452.11སྤྲད་པ་དེ་མང་ཚོགས་2369ལ་ཕན་པ་ཐོབ་པ་བཅས་བྱུང་ཡོད།

    ལིན་ཡུང་གིས། འདི་ལོ་སྨན་གླིང་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས“རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱེད་པའི”འདུ་ཤེས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། ཁྱད་ཆོས་དང་ལེགས་ཆར་གཞི་ཚུགས་ནས་ས་གནས་དེ་གའི་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱེད་པ་དང་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་གཏོང་བ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཐུབ་པ་བཅས་བྱེད་ཀྱི་ཡིན། དེ་དང་ཆབས་ཅིག་དྲིལ་བསྒྲགས་དང་ཁྱབ་གདལ་ལ་ཤུགས་སྣོན་བརྒྱབ་ནས་སྨན་གླིང་གི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་ལ་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འཕྲོག་ནས་སྨན་གླིང་གི་རིག་གནས་དང་ཡུལ་སྐོར་བྱ་གཞག་དེ་བས་མཐོ་བའི་སྐས་རིམ་དུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་དེ་བས་འོད་སྟོང་འཕྲོ་བའི་ལེའུ་རྩོམ་གྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།