དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས།

    ཀྲུང་ཝེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-01-22

    ཚེས་17ཉིན་གྱི་དགོང་མོ་ཝེ་ཐེ་ནམ་གྱི་རྒྱལ་ས་ཧ་ནོ་དབྱི་རུ་ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཀྲུང་ཝེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་འཚོགས་པ་རེད།

    ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་རིགས་པའི་གཞུང་ལུགས་ཨུ་ལྷན་གྱི་ཀྲུའུ་ཞི། ཧུའུ་ཀྲི་མིང་རྒྱལ་ཁབ་ཆབ་སྲིད་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་རོན་ཁྲུན་ཧྲེང་དང་། ཀྲུང་གོ་ཚོང་དོན་ཡར་སྐུལ་ལྷན་ཚོགས་ཀྱི་ཚོགས་གཙོ་རེན་ཧུང་པིན། ཝེ་ཐེ་ནམ་ཏང་སྲིད་དམག་དམངས་ཀྱི་ཞིང་ཆེན་དང་པུའུ་རིམ་པའི་དཔོན་རིགས་18དང་། དེ་བཞིན་ཝེ་ཐེ་ནམ་དུ་ཡོད་པའི་ཀྲུང་གོའི་མ་འཇོག་ཚན་པ་དང་། སྨྱན་སྦྱོར། ཕྱི་སྦྱོང་སློབ་མའི་འཐུས་མི་སོགས་མི་500ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།

    ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧོ་ཝུའེ་ཡིས་ཤིས་ཚིག་བསྒྲོན་ནས་ཀྲུང་ཝེའི་འབྲེལ་བའི་ལོ་ངོ་བདུན་ཅུ་དོན་ལྔ་ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་མིག་བལྟས་པ་དང་འབྲེལ་ཏང་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་པས་ཀྲུང་ཝེའི་སྣེ་ཁྲིད་དེ་མི་རབས་ནས་མི་རབས་བར་མཛའ་མཐུན་དང་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱེད་པའི་ལམ་བུའི་ཐོག་བསྐྱོད་ཡོད། ཕྱོགས་གཉིས་པོས་སྤུས་ཚད་མཐོ་བའི་དངོས་སྒྲུབ་མཉམ་ལས་ལ་བརྟེན་ནས་ཀྲུང་ཝེའི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་པའི་གྲུབ་འབྲས་ཡག་པོ་གཏོད་པ་དང་། ཆུ་ཚད་མཐོ་བའི་མི་ཆོས་རིག་གནས་སྤེལ་རེས་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་རྨང་གཞི་བརྟན་པོ་བཏིངས་ཏེ་ཁྱིམ་མཚེས་རྒྱལ་ཁབ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་བྱེད་པའི་དཔེ་མཚོན་ལག་གདང་སྦྲེལ་ནས་གཏོད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།