ཧུའུ་པེ་ཙི་ཀུའེ་རྫོང་གིས་བོད་ཀྱི་ས་ཡོམ་གེགས་ཁུལ་ལ་རོགས་སྐྱོར་བྱས་པ།
ཟླ་1ཚེས་17ཉིན། ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཙི་ཀུའེ་རྫོང་ཆུས་ཀུའུ་ཞིང་ལས་ཚོགས་པས་བོད་རང་སྐྱོང་ལྗོངས་དིང་རི་རྫོང་གི་ས་ཡོམ་གེགས་ཁུལ་ལ་ཁམ་བུའི་ལྕགས་ཀྲིན་སོགས་ལྕགས་ཀྲིན་བཟའ་བཅའ་16000ལྷག་ཙམ་ཞལ་འདེབས་བརྒྱབ་པ་རེད།
པར་འདི་གཉིས་ནི་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཙི་ཀུའེ་རྫོང་ཆུས་ཀུའུ་ཞིང་ལས་ཚོགས་པའི་བཟོ་པས་ཞལ་འདེབས་བརྒྱབ་པའི་ལྕགས་ཀྲིན་བཟའ་བཅའ་རླངས་འཁོར་ནང་བླུག་བཞིན་པ།