དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་དུ་ཆ་སྙོམས་ལོ་10རེར་དྲོད་ཚད་0.36℃འཕར་ནས་2024ལོ་གནམ་གཤིས་ཟིན་ཐོ་བཀོད་ཚུན་གྱི་དྲོ་ཤོས་ཡིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-21

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་17ཉིན་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀུའོ་དབྱིན་ཞང་གིས་2024ལོ་ནི་མཚོ་སྔོན་ཞིང་ཆེན་དུ་གནམ་གཤིས་ཟིན་ཐོ་བཀོད་ཚུན་གྱི་ལོ་དྲོ་ཤོས་ཤིག་རེད། 1961ལོ་ནས་2021ལོའི་བར་མཚོ་སྔོན་ཞིང་ཆེན་གྱི་ལོ་རེའི་ཆ་སྙོམས་དྲོད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་ཆ་སྙོམས་ལོ་10རེར་དྲོད་ཚད་0.36℃འཕར་ཡོད།

    འདི་ནི་གསར་འགོད་པས་ཚེས་17ཉིན“2024ལོའི་མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་ནམ་ཟླའི་དོན་རྐྱེན་ཆེན་པོ་བཅུའི”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བ་ཞིག་རེད། མཚོ་སྔོན་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་པ་དང་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་པས། དྲོད་ཚད་ཇེ་མཐོར་ཕྱིན་ནས་དྲོད་ཚད་མཐོ་དྲགས་པའི་དོན་རྐྱེན་མངོན་གསལ་དོད་པོས་མང་དུ་འགྲོ་བཞིན་ཡོད། 2024ལོར་མཚོ་སྔོན་ཞིང་ཆེན་གྱི་དྲོད་ཚད་ཅུང་མཐོ་བ་དང་ཆར་ཆུ་འབབ་ཚད་ཀྱང་ཅུང་མང་བས་ལོ་རེའི་ཆ་སྙོམས་དྲོད་ཚད་3.9℃ཡིན་པ་དེ་ལོ་གོང་མ་དག་དང་བསྡུར་ན་དྲོད་ཚད་1.1℃འཕར་ཏེ། 1961ལོ་ནས་གནམ་གཤིས་ཟིན་ཐོ་བཀོད་ཚུན་གྱི་དྲོ་ཤོས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།