དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱང་ལམ་གསར་པར་ཉིང་ཁྲི་གྲོང་ཁྱེར་གྱིས་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་ཀྱི་ཡིན།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་དཔའ་དར་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-21

    འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་དཔའ་དར་ཡིན་པ།

    2024ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱས་པས་འཕེལ་རྒྱས་ཀྱི་སྒུལ་ནུས་གསོག་ཤུགས་ཆེ་རུ་ཕྱིན་ཡོད། སྒྱུར་བཅོས་སྔོན་སྤེལ་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱས་ཡོད། དཔེ་མཚོན་ཉམས་མྱོང་དང་བྱ་ཐབས་ཁག་22ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྱབ་གདལ་བཏང་བ་དང་། “གསལ་ཐོ་དང་སྐར་ཁུང་ཟུང་འབྲེལ”གྱི་ཞབས་འདེགས་ཞུ་སྟངས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་ལ་བདམས་ཡོད། ཉིང་ཁྲིའི་ཀུ་ཤུ་དང་ཇ་ལོ་ཕྱི་རྒྱལ་གྱི་ཁྲོམ་རར་བཏོན་ནས་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་སྒོར་ཁྲི་842ཟིན་པ་དེ་དུས་མཚུངས་ལས་573%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་ལ། ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྒྱུར་བཅོས་སྒོ་དབྱེ་སྔོན་སྤེལ་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བའི་མཆོང་སྐྱོད་ཀྱི་ལོ་ཞིག་ཀྱང་རེད།

    དཔའ་དར་གྱིས“ང་ཚོས་འཛམ་གླིང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་སྐྲུན་པར་གཞི་ཚུགས་ནས་སྟོད་རྒྱུད་སྨད་རྒྱུད་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གཏོད་པར་དམིགས་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཁྱབ་ཁོངས་གསར་པ་གཏོད་པ་དང་འགྲན་ལམ་གསར་པ་བརྩོན་ལེན་བཅས་བྱས་ཏེ་ཉིང་ཁྲིའི་དཔལ་འབྱོར་གྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་ཀྱི་ཡིན། གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས་སྒྱུར་བཅོས་སྒོ་དབྱེ་སྔོན་སྤེལ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བར་དམིགས་ནས། ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་པ། ནགས་ཁྲོད་ཐོན་ཁུངས་ཚན་རྩལ་གླིང་སྐྲུན་མགྱོགས་སུ་གཏོང་བ། ས་མཐོའི་ཉ་ལས་གསོ་ཚགས་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ། ནགས་ཁྲོད་གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་རིན་ཐང་གི་གྲུབ་འབྲས་གཞན་སྒྱུར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གསར་སྒྱུར་གྱིས་སྐྱེ་ཁམས་ཤེས་དཔལ་གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་དང་ཉང་ཆུའི་ལྟེ་བའི་གྲོང་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས་སྐྱེ་ཁམས་གནས་འཕྲོད་ལས་འཚམ་གྱི་སྐྱེད་ཚལ་གྲོང་ཁྱེར་བསྐྲུན་ཏེ། བོད་ཀྱི་སྡོད་མལ་ཁོར་ཡུག་མཛེས་ཤོས་ཀྱི་དཔེ་སྟོན་གྲོང་ཁྱེར་གཏོད་ཀྱི་ཡིན”ཞེས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་ངོ་སྤྲོད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།