ནུས་ཤུགས་ཡོད་རྒུས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདོང་དམག་ཡག་པོ་བྱེད་ཀྱི་ཡིན།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་ཝང་ཆང་ལ་བཅར་འདྲི་ཞུས་པ།
འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་ཝང་ཆང་ཡིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས“འཛུགས་གཏོད་བཞིར”ཇི་ལྟར་བྱས་ནས་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་འབད་བརྩོན་ཆེན་པོས“མདུན་གྲལ་དུ་སླེབས་པ་བཞིའི”སྐོར་ལ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་ཝང་ཆང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་བ་རེད།
2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་བའི་ལོ་ཞིག་ཡིན་པ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན། ཝང་ཆང་གིས། ལྷ་ས་གྲོང་ཁྱེར་གྱིས་སྒུག་བརྟེན་མི་བྱེད་པར་བསྒྲུབ་པ་གཙོར་བཟུང་གིས། “GDPདུང་ཕྱུར་སྟོང”ལ་དམིགས་པ་དང་། “རྩ་དོན་ལྔ་”མཐའ་འཁྱོངས་བྱེད་པ། “འཐབ་ཇུས་ཆེན་པོ་བཞི”དང“བྱ་སྤྱོད་ཁག་བརྒྱད”“འདུ་འགོད་ཆེན་པོ་བཅུ”ལག་བསྟར་བྱེད་པ་བཅས་བྱས་ནས། ལྷ་ས་ས་ཁོངས་གཅིག་གིས་ལྗོངས་ཡོངས་ཀྱི་སྤྱི་ཡོངས་ལ་ཤུགས་རྐྱེན་བཟང་པོ་ཐེབས་པར་འབད་བརྩོན་བྱ་རྒྱུ་ཡིན། མ་འཇོག་རྒྱ་སྐྱེད་ལ་གནད་སྨིན་ཤུགས་འདོན་བྱེད་པའི་སྐོར་ལ། ཆེས་ཡུན་རིང་གི་དམིགས་བསལ་རྒྱལ་བུན་དང་ཆེད་དོན་བུ་ལོན་རྣམ་གྲངས་ཁག་གཅིག་རེ་ཞུ་བྱས་ནས། རྒྱང་རིང་དམིགས་ཚད་དཔྱད་བསྡུར་དང་དཔྱད་གདེང་ལོགས་དབྱེ་ཚོད་ལྟ་བྱས་ཏེ། གྲོང་ཁྱེར་གྱི་ཆུ་རྒྱུད་དུས་རིམ་གཉིས་པ་དང་། ཕུ་མདོ་ཆུ་འདྲེན་ལས་གྲྭ་སོགས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྐོར་ལ། འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱས་ནས་བཟོ་ལས་བཟོ་སྐྲུན་དང་གྲོང་ཁྱེར་དོ་དམ་ལས་དོན་གྱི་སྒྲིག་ཆས་སོགས་བརྗེ་རེས་གསར་སྒྱུར་དང་རིམ་འཇུག་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རེས་མོས་ངང་སྤེལ་བ། སྟོབས་ཤུགས་གཅིག་སྡུད་བྱས་ནས་ཐོན་ལས་དར་རྒྱས་གཏོང་བའི་སྐོར་ལ། རིག་གནས་ཡུལ་སྐོར་གྱི“གཙོ་ཁྲིད་ཐོན་ལས་གཅིག”སྟོབས་ཆེར་བཏང་ནས། ལྗང་མདོག་བཟོ་ལས་དང་། དངུལ་རྩའི་ཚོང་དོན། གྲངས་འཛིན་དཔལ་འབྱོར་བཅས་ཀྱི“ཀ་རྟེན་ཐོན་ལས་གསུམ”ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་ལ་དམ་འཛིན་བྱེད་པའི་སྐོར་ལ། རང་སྐྱོང་ལྗོངས་གྱི“ལས་ཆོད་ཆེན་པོས་བྱ་བ་གཅིག་སྒྲུབ་ཐུབ་པའི”རྣམ་གྲངས་13དོན་འཁྱོལ་བྱ་རྒྱུ་འགན་གཙང་བླངས་ནས་ཐོན་ལས་སྟོབས་ཆེའི་གྲོང་ཁྱེར་གྱི་མ་འཇོག་མ་བུའི་ཐེབས་རྩ་གཉེར་སྐྱོང་བྱས་ནས་གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། རྣམ་གྲངས་ཀྱི་གྲོན་དངུལ་རྩིས་རྒྱག་དང་ཚད་འཇལ་ཚད་གཞི་འདོན་རྒྱུར་སྐུལ་འདེད་གཏོང་བ་དང་ལས་གྲྭའི་གྲངས་འབོར་གྱི་གསལ་ཐོ་དང་འོས་སྐུལ་ཚོད་འཛིན་རིན་གོང་ཞིབ་དཔྱད་ལག་བསྟར་བྱེད་པ། རྒྱུན་སྲིང་ལྷོད་མེད་ཀྱིས་བཅོས་སྐྱོང་སྤུས་དག་བྱེད་པའི་སྐོར་ལ། གནའ་གྲོང་དོ་དམ་ཨུ་ལྷན་གྱི་སྒྲིག་སྲོལ་སྒྱུར་བཅོས་རྨང་གཞིར་བྱས་པའི་ས་ཁོངས་ལེགས་སྒྲིག་འཚོལ་ཞིབ་བྱས་ནས། གྲོང་ཁྱེར་བཅོས་སྐྱོང་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།