དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མར་མཚོ་དང་ཟླ་བས་གསུངས་དོན།

    ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་ནུས་པ་སྤྲོད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-21

    རྒྱལ་སྐྱོང་བདེ་འགོད་བྱེད་པར་གཙོ་གནད་གཞི་རིམ་དུ་ཡོད། ད་ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་རིང་། གཞི་རིམ་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་ཇི་ལྟར་བཏང་ནས་མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྔར་བས་ལེགས་པར་སྐོང་རྒྱུ་དེ་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་གླེང་མང་བའི་བརྗོད་གཞི་ཞིག་ཏུ་གྱུར་ཡོད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནག་ཆུ་གྲོང་ཁྱེར་སོག་རྫོང་རྒྱལ་ཆེན་ཤང་རྨོ་ནང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མར་མཚོ་ཡིས། “ཉེ་བའི་ལོ་ཤས་རིང་། རྨོ་ནང་གྲོང་ཚོས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་སེམས་ནུས་གཅིག་སྒྲིལ་དང་སྣ་མང་མཉམ་བཅོས་བྱས་ཏེ་དོན་དག་ཆུང་ཙག་དང་། ཛ་དྲག་པ། དཀའ་གནད་བཅས་ཚང་མ་ལེགས་པར་སྒྲུབ་པའི་ཁྲོད་ཡུལ་མིའི་སྐྱིད་སྣང་དང་ཐོབ་སྣང་ཆེ་རུ་ཏན་ཏིག་བཏང་ཡོད”ཅེས་དང་། 2024ལོར་ཏང་འཛུགས་སྐྱོང་ལས་དོན་གྱི་སྣེ་ཁྲིད་དང་སྐུལ་འདེད་འོག་གྲོང་ཚོ་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་དང་སྔོ་ཚལ་ཐོན་ཚད་ལོ་གོང་མ་ལས་20%དང་12%སོ་སོར་འཕར་ནས། ཡུལ་མིའི་འབྲུ་རིགས་ཀྱི་བདེ་འཇགས་འགན་སྲུང་ནུས་ལྡན་ཐུབ་པ་དང་། རིག་རྩལ་འཁྲབ་སྟོན་དང་སྲོལ་རྒྱུན་གྱི་ལུས་རྩལ་འགྲན་བསྡུར་ཧུར་ཐག་གཉེར་ནས་ཡུལ་མིའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ། ཟམ་པ་5དང་ཁུང་རྐྱང་ཁེབས་སྦུག་རྣམ་གྲངས་4བསྐྲུན་རྒྱུ་དེ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནང་འཇུག་རྒྱུའི་བརྩོན་ལེན་བྱས་ཤིང་། བསྐྲུན་ཟིན་རྗེས་ཡུལ་དེ་གའི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཀྱི་གནས་ཚུལ་ལེགས་སུ་ནུས་ལྡན་ཕྱིན་ནས་ས་ཁོངས་དབར་འབྲེལ་མཐུད་ཟབ་ཏུ་འགྲོ་རྒྱུ་རེད་ཅེས་གསར་འགོད་པར་བཤད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་གནས་ཡུལ་ལྷོ་པ་མི་རིགས་ཤང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཁྱུང་གླིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བ་ཡིས། “ཉེ་བའི་ལོ་ཤས་རིང་། ཁྱུང་གླིང་གྲོང་ཚོས་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་དང་ལག་ལེན་ཧུར་ཐག་བསྟར་བས་གྲོང་ཚོ་ཡོངས་ལ་མང་ཚོགས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་ལྷིང་དང་གོ་རིམ་ལྡན་པའི་རྣམ་པ་བཟང་པོ་མངོན་ཡོད”ཅེས་བཤད་པ་དང་། ཁོང་གིས་བྱེད་ཐབས་ཞིབ་ཕྲ་གླེང་བ་སྟེ། ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་ཏེ་གྲོང་མིའི་རང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ལམ་སྲོལ་ཁག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་རང་སྐྱོང་དང་། ཁྲིམས་སྐྱོང་། ཚུལ་བཞིན་སྐྱོང་བ་བཅས་ཟུང་འབྲེལ་དམ་ཟབ་བྱེད་པའི་གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་བཙུགས་ནས་གཞི་རིམ་བཅོས་སྐྱོང་ཁྲོད་མི་དམངས་མང་ཚོགས་ཀྱི་བྱེད་པོའི་ནུས་པ་གང་ལེགས་བཏོན་ཡོད་ཅེས་བཤད།

    “དམངས་ཀྱི་རེ་འབོད་ལ། ང་ཡིས་བརྡ་ལན་ཞུ། དམངས་ཀྱི་རེ་འབོད་ལ། ང་ཡིས་ལས་རྗེས་འཇོག” རང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་རང་ཉིད་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“མི་དམངས་ཆེད་དུ་འགན་འཁྲི་སྒྲུབ་པའི”གཟི་བརྗིད་ཁས་ལེན་དོན་ཐོག་ཏུ་འཁྱོལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།