ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་2025ལོའི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།
ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་གསར་འགྱུར་སྤེལ་བར་གཞིགས་ན། ཟླ་1ཚེས་19ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས《2025ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས》ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ལེ་ཚན་དང་ལག་རྩལ་གསར་གཏོད་སྐོར་གྱི་བཀྲག་མདངས་འཚེར་ས་ངོ་སྤྲོད་བྱས་པ་དང་སྦྲགས། གཙོ་སྐྱོང་བའི་དཔུང་ཁག་དང་ཞབས་བྲོའི་ཇུས་འགོད་བྱེད་སྟངས་ཁྱབ་བསྒྲགས་བྱས་ཡོད།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་རྩོམ་སྒྲིག་ལས་དོན་ཚོགས་འདུའི་ཁོངས་མི་ཅང་ཝུན་པོ་ཡིས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཐོན་སྐྱེད་ནུས་ཤུགས་གསར་མར་བརྟེན་ནས་ལག་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ལག་ལེན་མང་པོ་དང་། ལྷག་པར་དུ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་བརྙན་ལམ་རབ་གསལ་བརྙན་ཤེལ་ཆེ་ཆུང་གཉིས་ནས་མཉམ་དུ་བརྒྱུད་གཏོང་དང་8Kསྒྲིག་བཟོ་གཏོང་སྤེལ་སོགས་ཀྱི་ལག་རྩལ་ཐད་ཐོབ་པའི་ཚད་བརྒལ་ངོ་སྤྲོད་བྱས་ཤིང་། ཁོང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས“བསམ་བློ་དང་། སྒྱུ་རྩལ། ལག་རྩལ་བཅས་ཟུང་དུ་འབྲེལ་བའི”མཉམ་འདྲེས་ཀྱི་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། རབ་གསལ་ཆེ་བ་དང་། དངོས་ཡོད་རྟོག་བཟོ། མི་ཐབས་རིག་ནུས། ལངས་གཟུགས་མཐོང་ཚོར། རྩ་གསུམ་གྱི་སྐད་སྒྲ་སོགས་ཀྱི་ལག་རྩལ་ལ་བརྟེན་ནས་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཀྱི་བརྙན་ལམ་དང་སྒྲ་ལམ་གྱི་སྤུས་ཚད་མཐོ་རུ་དང་ཀུན་འདུས་སྨྱན་སྦྱོར་གྱི་བརྒྱུད་ལམ་ཟམ་མི་ཆད་པར་ཆེ་རུ་བཏང་ནས། གོ་ལ་ཧྲིལ་པོའི་ཀྲུང་གོ་བ་རྣམས་ལ་བསམ་བློའི་རང་བཞིན་དང་། སྒྱུ་རྩལ་གྱི་རང་བཞིན། ལྟད་མོའི་རང་བཞིན་བཅས་ཡག་ཤོས་གཏོད་པ་དང་། ཚན་རྩལ་གྱི་ཚོར་སྣང་ཤུགས་ཆེར་གཏོང་བའི་སྒོ་ནས་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱིས་ཚང་མ་དང་མཉམ་དུ་དགའ་སྤྲོའི་དཔལ་ལ་རོལ་ཞིང་རྫོགས་ལྡན་གྱི་ཤིང་སྦྲུལ་ལོ་མཉམ་དུ་བསུ་བའི་སྟོན་མོ་གཟབ་རྒྱས་ཤིག་གཤམ་རྒྱུ་ཡིན་ཞེས་བརྗོད།