རྒྱ་སྲང་ཆད་པའི་གནས་ཚུལ་བཅོས་སྒྲིག་དང་གློག་རྡུལ་རིན་རྩིས་རྒྱ་མའི་ལག་རྩལ་གྱི་གཏན་འབེབས་གསར་པ་བཏོན་པ།
ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ངང་དོ་ཁུར་བྱེད་པ་དང་བསམ་འཆར་མང་བའི“རྒྱ་སྲང་ཆད་པ”དང“རྒྱ་མ་ཡག་པོ་མི་རྒྱག་པའི”གནད་དོན་ལ་དམིགས་ནས། གློག་རྡུལ་རིན་རྩིས་རྒྱ་མའི་ཁྲོམ་རའི་སྒྲིག་ལམ་ཕྱོགས་བསྡུས་བཅོས་སྒྲིག་གཏིང་ཟབ་བྱས་པ་དང་། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱ་ཐབས་སྤྱད་དེ་གློག་རྡུལ་རིན་རྩིས་རྒྱ་མའི་འབྲེལ་ཡོད་ལམ་ལུགས་འཛུགས་སྐྱོང་འཐུས་སྒོ་ཚང་དུ་ཧུར་ཐག་བཏང་བ་དང་འབྲེལ། ཕུགས་ཕན་ལྟ་འདོམས་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་བ་དང་ཆབས་ཅིག 《ཚོང་འདུས་ཁྲོམ་རའི་ཚད་འཇལ་ལྟ་སྐུལ་དོ་དམ་བྱ་ཐབས》ལ་བཟོ་བཅོས་བརྒྱབ་པ་དང་། ཉེ་ཆར《གློག་རྡུལ་རིན་རྩིས་རྒྱ་མའི་ཚད་ལྡན་གདེང་འཇོག་རྩ་གནད(ཚོད་ལྟའི་ལག་བསྟར)》དང《གློག་རྡུལ་རིན་རྩིས་རྒྱ་མའི་ཞིབ་དཔྱད་གཏན་འབེབས་བརྒྱུད་རིམ(ཚོད་ལྟའི་ལག་བསྟར)》གྱི་རྩིས་རྒྱག་ལག་རྩལ་ཚད་གཞི་ཁག་གཉིས་བཏོན་ནས། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།