དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སུ་བཟོ་ཚོགས་ས་ཚིགས་ཁྲི་18.61བསྐྲུན་པ།

    ཞབས་ཞུ་ལས་བཟོ་མང་ཚོགས་དུང་ཕྱུར་1.93ལ་ཁྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-19

    གསར་འགོད་པས་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ནས་ཤེས་རྟོགས་བྱས་པར། 2024ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་བཟོ་ཚོགས་ས་ཚིགས་ཁྲི་18.61བསྐྲུན་པ་དང་། དེའི་ཞབས་ཞུ་ལས་བཟོ་མང་ཚོགས་དུང་ཕྱུར་1.93ལ་ཁྱབ་ནས་ཉིན་རེར་མི་ཐེངས་ཁྲི་230.97ལ་ཞབས་འདེགས་ཞུ་བ་དང་། ལོ་འཁོར་མོར་ལས་བཟོ་མང་ཚོགས་མི་ཐེངས་དུང་ཕྱུར་8ཙམ་ལ་ཞབས་འདེགས་ཞུ་གི་ཡོད་པ་རེད། དེའི་ནང་རིག་ནུས་ཅན་གྱི་ས་ཚིགས་ཁྲི་1.18དང་ཆུ་ཚོད་24ཡི་ཞབས་ཞུ་ས་ཚིགས་ཁྲི་1.21བསྐྲུན་པ་རེད།

    མིག་སྔར། བཟོ་ཚོགས་ས་ཚིགས་དེ“ཚ་གཡོལ་དྲོད་ལེན་པ་དང་། ངལ་གསོ་བ། སྐོམ་པ་སེལ་བ། རླུང་གཡོལ་ཆར་གཡོལ”བཅས་ཀྱི་གཞི་རྩའི་དགོས་མཁོ་སྐོང་བ་ནས་རིག་ནུས་ཅན་གྱི་ལག་རྩལ་བྱ་ཐབས་སྤྱད་དེ“བསམ་བློར་སྣེ་ཁྲིད་དང་། ལས་ཞུགས་རོགས་སྐྱོར། ཁེ་དབང་སྲུང་སྐྱོང་ཞབས་ཞུ། རྩལ་ནུས་གསོ་སྦྱོང”སོགས་གཞི་གཅིག་ཏུ་འདུས་པའི་སྤུས་ཚད་མཐོ་བའི་ཞབས་འདེགས་ཞུ་ཐུབ་ཀྱི་ཡོད་པ་རེད། བཟོ་ཚོགས་ས་ཚིགས་དེ་ད་ཆ་བཟོ་ཚོགས་ཀྱིས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པར་གནད་སྨིན་ཞབས་འདེགས་ཞུ་བའི་གཞི་རྟེན་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད།

    ཧྥུའུ་ཅན་ཞིང་ཆེན་ལུང་ཡན་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་དུ་གནས་པའི་བཟོ་ཚོགས་ས་ཚིགས་སུ་སྐྱོད་སྐབས“ཧྥུང་ཆའོ་ས་ཚིགས”དང“བཅའ་ཁྲིམས་རོགས་སྐྱོར”ཞེས་པའི་ཐ་སྙད་འགའ་ཞིག་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། “བཟོ་ཚོགས་ཀྱི་རོགས་སྐྱོར་ཁྲིམས་རྩོད་པ་དང་འདུམ་འགྲིག་པའི་རོགས་རམ་ཡོད་པས། གནས་ཚུལ་ཐག་གཅོད་ཀྱི་ལས་ཕྱོད་མཐོ་ལ་ཡིད་ཚིམ་པོ་འདུག”ཅེས་ཉོ་སྐྱེལ་བ་ཞའོ་ཙེང་གིས་བཤད། ད་ཆ་ལུང་ཡན་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་དུ་སྐར་མ་10ཡི་སར་བཟོ་ཚོགས་ས་ཚིགས་རེ་ཡོད་པ་དང་། དེའི་ནང་གི་ས་ཚིགས་ཁག་གཅིག་ལ་ད་དུང་བཟོ་ཚོགས་ཀྱི་རོགས་སྐྱོར་ཁྲིམས་རྩོད་པའི་ཁ་པར་ཨང་གྲངས་བཞག་ཡོད་པས། དེ་ལྟ་བུའི་སེམས་རྩ་འཁོལ་བའི་ཞབས་ཞུ་ལས་ཕྱི་རོལ་དུ་ངལ་རྩོལ་བྱེད་མཁན་གྱི་སེམས་པ་དེ་བས་དྲོ་སོབ་སོབ་ཆགས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 2024ལོར་རིམ་ཁག་བཟོ་ཚོགས་ཀྱིས་ས་ཚིགས་བརྒྱུད་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་བྱེད་སྒོ་ཁག(ཐེངས)ཁྲི་6ཙམ་སྤེལ་ནས་མི་ཐེངས་ཁྲི་2000ལྷག་ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།

    མིག་སྔའི་བར། རྒྱལ་ཡོངས་ཀྱི་ས་ཚིགས་ཁྲི་6ཙམ་ལ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ཐུབ་པ་དང་། ས་ཚིགས་ཁྲི་2ལྷག་ཙམ་གྱིས་བཅའ་ཁྲིམས་ཞབས་ཞུ་སྒྲུབ་པ། ས་ཚིགས་2000ལྷག་ཙམ་ལ་གློག་སྒྱུར་སྒྲིག་ཆས་བསྒར་བ། ས་ཚིགས་2400ལྷག་ཙམ་གྱིས་གོང་ཁེའི་ཟ་མ་མཁོ་འདོན། ས་ཚིགས་ཁྲི་11ལ་འཕྲལ་སྡོམ་སྨན་རྫས་བཀོད་སྒྲིག་བྱས་པ། ས་ཚིགས་ཁྲི་4ས་གནས་དང་བླངས་ཞབས་ཞུའི་སྒྲིག་གཞི་དང་སྦྲེལ་མཐུད་བྱས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།