དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་གྱིས་གཞོན་ནུའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-19

    ཉེ་ཆར། གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ལྷན་གྱིས“དུས་བབ་གསར་པར་ལྷ་སའི་གཞོན་ནུའི་ལས་ཞུགས་ཁོར་ཡུག་ལེགས་སུ་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་2024ལོའི་ལོ་འཁོར་གྱི་ལྷ་ས་གྲོང་ཁྱེར་གྱི“གུང་གཞོན་སྡེ་ཚོགས་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ངོ་གཏུག་གདོང་འཕྲད”ཀྱི་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི་བྱེད་སྒོར། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱི་འགོ་ཁྲིད། གྲོང་ཁྱེར་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན། ལས་གཏོད་གཞོན་ནུ། གཞོན་ནུ་དང་བླངས་པ། “ཁེ་ལས་གཉིས་དང་རྣམ་པ་གསར་པ་གསུམ”གྱི་ལས་ཞུགས་གཞོན་ནུ། སྲིད་འཛིན་ཁེ་ལས་དང་བྱ་གཞག་ཚན་པའི་ལས་ཞུགས་གཞོན་ནུའི་འཐུས་མི་བཅས་ཞུགས་ཡོད། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་མཐོ་སློབ་ལྟེ་གནས་ཀྱི་འབྲེལ་ཡོད་ལས་དོན་པས་མིག་སྔའི་ལྷ་སའི་གཞོན་ནུའི་ལས་ཞུགས་ཀྱི་ལྟ་བར་འགྱུར་ལྡོག་འགྲོ་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ། གཞོན་ནུའི་འཐུས་མིར་ལྷ་ས་གྲོང་ཁྱེར་གྱི་ལས་ཞུགས་སྲིད་ཇུས་འགྲེལ་བཤད་བརྒྱབ་ནས། གཞོན་ནུ་འཐུས་མི་ཚོས་ལས་ཞུགས་ཀྱི་སྲིད་ཇུས་གསར་པར་རྒྱུས་ལོན་ཐུབ་པར་བྱས་ཡོད།

    བྱེད་སྒོར་ལས་རིགས་ཁག་གི་གཞོན་ནུའི་འཐུས་མིས་བརྗོད་དོན་གཙོ་བོར་དམིགས་ནས། ལས་ཞུགས་ཀྱི་བསམ་ཚུལ་དང་། དོགས་གཞི། བསམ་འཆར་བཅས་ལྷུག་པོར་གླེང་བ་རེད། གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། དེ་བཞིན་འབྲེལ་ཡོད་ཚན་པའི་འགོ་ཁྲིད་བཅས་ཀྱིས་གཞོན་ནུ་ཚོའི་གཏམ་བཤད་ནན་ཏན་ཉན་པ་དང་འབྲེལ། སྲིད་ཇུས་དང་ཚན་པ་ཁག་གི་ལས་ཀའི་དོན་དངོས་དང་ཟུང་དུ་འབྲེལ་ནས། གཞོན་ནུའི་འཐུས་མིས་བཏོན་པའི་དོགས་གཞིར་ལན་ཞིབ་ཚགས་བརྒྱབ་པས། ཚོགས་ཞུགས་གཞོན་ནུ་ཚོའི་དོགས་གཞི་བསལ་བ་མ་ཟད། དུས་བབ་གསར་པར་གཞོན་ནུའི་ལས་ཞུགས་ཁོར་ཡུག་ལེགས་སུ་གཏོང་བའི་ཐབས་ལམ་འཚོལ་ཞིབ་ཡག་པོ་ཐུབ་ཡོད།

    གོམ་སྟབས་རྗེས་མར། གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ལྷན་གྱིས་གཞོན་ནུར་ཞབས་འདེགས་ཞུ་བའི་སྦྲེལ་ཐག་གི་ནུས་པ་མུ་མཐུད་བཏོན་ཏེ། གཞོན་ནུ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང་འབྲེལ། ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ནས། ཚོགས་ཞུགས་འཐུས་མི་དང་། ཨུ་ཡོན། གཞོན་ནུའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་འགོར་གསེད་བཀྲོལ་དང་། གཞོན་ནུའི་འཕེལ་རྒྱས་རྣམ་པའི་གྲོང་ཁྱེར་དང་འབྲེལ་བའི་གཞོན་ནུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཞིབ་ཚགས་ལ་སྐུལ་འདེད་གཏོང་བ། གཞོན་ནུའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ། གཞོན་ནུའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་བཏང་སྟེ། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་འདོན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།