ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི《2025ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས》ཀྱིས་ནང་སྦྱོང་ཐེངས་གསུམ་པ་བྱས་པ།
ཟླ་1ཚེས་17ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི《2025ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས》ཀྱིས་ནང་སྦྱོང་ཐེངས་གསུམ་པ་བྱས་པ་ལེགས་གྲུབ་བྱུང་ཞིང་། ཁྲུང་ཆིང་དང་། ཧུའུ་པེ་ཝུའུ་ཧན། བོད་ལྗོངས་ལྷ་ས། ཅང་སུའུ་ཝུའུ་ཞི་བཅས་ཡན་ལག་ཚོགས་ར་བཞི་ཐེངས་དང་པོར་བསྟན་ཏེ། པེ་ཅིང་གི་ཚོགས་ར་གཙོ་བོའི་ལེ་ཚན་དང་ཐུན་མོང་ནང་སྦྱོང་བྱས་པ་རེད། གླུ་གར་དང་། མིག་འཕྲུལ། དྲག་རྩལ། བསམ་བཀོད་མཉམ་འདྲེས་ལེ་ཚན་བཅས་གསར་གཏོད་རྣམ་པའི་ཐོག་ནས་མངོན་ཞིང་། མཚན་ཚོགས་ཧྲིལ་པོའི་ལེ་ཚན་སྒྲིག་འགོད་དང་ལྷུ་ཚིགས་འབྲེལ་མཐུད་སྔར་བས་བདེ་བླག་བྱུང་ཡོད།
མཚོ་བོད་ས་མཐོ་ནས་འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཁུལ་བར་དུ་ཐོག་མར་བསྟན་པའི་ས་གནས་བཞིའི་ཡན་ལག་ཚོགས་རའི་ལེ་ཚན་ལ་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་རྣམ་པས་ཁེངས་པ་དང་། ས་གནས་ཁག་གི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས་གཅིག་ཏུ་འདུས་པ། མཛེས་ཤིང་ལྟ་ན་སྡུག་པའི་རི་ཀླུང་གི་རྣམ་པ་བཟང་པོ་ཇི་མ་ཇི་བཞིན་དུ་མངོན་ཡོད།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ད་དུང“དཔྱིད་གསར་མཚན་ཚོགས་ཀྱི་འགོ་ཚུགས་རོལ་མོ། གོ་ལ་ཧྲིལ་པོས་དཔྱིད་གསར་མཚན་ཚོགས་ལྟ”ཞེས་པའི་བྱེད་སྒོ་སྤེལ་ཞིང་། རིག་རྩལ་འཁྲབ་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་མྱོང་རོལ། ལེ་ཚན་འགྲེམས་སྟོན་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་ཕྱི་རྒྱལ་གྱི་ལྟད་མོ་བས་སྤྲོ་སེམས་འཁོལ་བའི་དཔྱིད་གསར་དུས་ཆེན་གྱི་རྣམ་པ་དང་ཀྲུང་ཧྭའི་རིག་གནས་ཀྱི་ཉམས་འགྱུར་ཚོར་ཐུབ་པ་བྱེད་རྒྱུ་རེད།