དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་ནས་ཐོན་པའི་ཡུལ་སྐོར་མཚོ་གྲུ་ཆེ་གྲས་གཉིས་པའི་གྲུ་གཟིངས་ཧྲིལ་པོ་མཐུད་སྦྲེལ་ཐུབ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-18

    འདི་ནི་རང་རྒྱལ་ནས་ཐོན་པའི་ཡུལ་སྐོར་མཚོ་གྲུ་ཆེ་གྲས“ཨའེ་ཏ·ཧྭ་ཁྲེང་རྟགས་ཅན”ཡིན་པ།

     ཟླ་1ཚེས་15ཉིན་གྱི་སྔ་དྲོར། རང་རྒྱལ་ནས་ཐོན་པའི་ཡུལ་སྐོར་མཚོ་གྲུ་ཆེ་གྲས་གཉིས་པ་H1509(“ཨའེ་ཏ·ཧྭ་ཁྲེང་རྟགས་ཅན”)དེ་ཀྲུང་གོ་གྲུ་གཟིངས་ཚོགས་པ་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཧྲང་ཧའེ་ཝའེ་ཀའོ་ཆའོ་གྲུ་གཟིངས་བཟོ་སྐྲུན་ཚད་ཡོད་ཀུང་སིའི་གྲུ་འཇོག་ས་2པའི་ནང་དུ་ཡོད་པ་དང་། དེ་ལས་གྲུ་གཟིངས་ཧྲིལ་པོ་མཐུད་སྦྲེལ་ཐུབ་པ་དང་གྲུ་གཟིངས་ཡོངས་ཀྱི་ནང་འཇུག་ལས་གྲྭ་དང་། སྒྲིག་ཆས། མ་ལག་བཅས་སྙོམས་སྒྲིག་བྱེད་པའི་ལས་རིམ་ལ་ཁྱོན་ཡོངས་ནས་སླེབས་པ་མཚོན་གྱི་ཡོད།

    གྲུ་འཇོག་སའི་ནང་སྤྱིའི་སྒྲིག་སྦྱོར་བྱས་པ་ནས་གྲུ་གཟིངས་ཧྲིལ་པོ་མཐུད་སྦྲེལ་ཐུབ་པའི་བར“ཨའེ་ཏ·ཧྭ་ཁྲེང་རྟགས་ཅན་གྱི་གྲུ་གཟིངས”ལ་བཟོ་དུས་ཟླ་བ་དགུ་ཡང་འགོར་མེད་པ་དང་། དེ་ནི་ཐོག་མར་བཟོས་པའི་གྲུ་གཟིངས་ལས་དུས་ཚོད་ཟླ་བ་གཉིས་ལྷག་ཙམ་གྱིས་མགྱོགས་པ་བྱུང་ཡོད། དེ་ཐོག་ནས་ཀྲུང་གོའི་གྲུ་གཟིངས་བཟོ་ལས་ཀྱིས་ཇུས་འགོད་དང་བཟོ་སྐྲུན་གྱི་འགག་རྩའི་ལག་རྩལ་ཐོག་མར་ཁོང་དུ་ཆུད་པ་དང་ཆབས་ཅིག་བརྒྱུད་རིམ་ཅན་དང་། སྤུས་ལེགས་ཅན། ནུས་ཆེ་ཅན་བཅས་ལས་བཟོས་པའི་ཡུལ་སྐོར་མཚོ་གྲུ་ཆེ་གྲས་2.0གྱི་དམིགས་ཚད་ཀྱི་ཕྱོགས་སུ་སླར་ཡང་གོམ་པ་བརྟན་པོ་ཞིག་སྤོས་པ་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།