ངོས་འཛིན་གཅིག་སྡུད་ཀྱིས་བློ་སེམས་གཅིག་ཏུ་སྒྲིལ། མཐུན་སྒྲིལ་འབད་འབུངས་ཀྱིས་ལེའུ་གསར་པ་བརྩམས།
སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་2024ལོའི་ལས་ཀའི་སྒྲིལ་གླེང་།
ལོ་གཅིག་རིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། ལྷག་པར་དུ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་གྱིས་ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་དང་། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་གང་ལེགས་འདོན་པ་བཅས་བྱས་པར། ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་ཕུལ་ཡོད།
ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པ།
ལོ་གཅིག་རིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དེ་སྲིད་གྲོས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་གང་ཅིའི་ཐད་ཁྱབ་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཡོད། ལྗོངས་ཡོངས་ཀྱི་སྲིད་གྲོས(ཏང་འཛུགས་སྐྱོང)ལས་དོན་གྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་པ་དང《བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལས་དོན་འཆར་གཞི》བཟོས་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་བརྟེན་ནས་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད།
དེ་དང་ཆབས་ཅིག ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་བློ་སྒྲིལ་སེམས་སྐྱེད་དང“གྲོས་གཞི་དང་པོའི”ལམ་ལུགས་དོན་འཁྱོལ་བྱས་ཏེ། ལོ་ཧྲིལ་པོར་སྲིད་གྲོས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་11དང་། སྲིད་གྲོས་ཏང་ཙུའི་ཚོགས་འདུ་ཐེངས་20 ཀྲུའུ་ཞིའི་ཚོགས་འདུ་ཐེངས་8 རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་5བཅས་འཚོགས་ནས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་ཆབ་སྲིད་ཐད་མཐུན་སྒྲིལ་མཉམ་ལས་དང་། བསམ་བློའི་ཐད་ཐུན་མོང་ཡར་ཐོན། བྱ་སྤྱོད་ཐད་གོམ་སྟབས་གཅིག་གྱུར་བཅས་ལ་སྐུལ་འདེད་བཏང་ཡོད།
ལྟེ་བའི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་བཏོན་པ།
ལོ་གཅིག་རིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་དང“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་དམིགས་ཏེ་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱས་ཡོད། “ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི”ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་།“ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ” “རང་ལྗོངས་ཀྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ”སོགས་ཆེད་དོན་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། “ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི”གྲོས་མོལ་གླེང་སྟེགས་དང“རོགས་སྐྱོར་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་མཉམ་ལས་དང་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བ”དང“ས་མཐོའི་གངས་འཁྱགས་ལུས་རྩལ་དང་གངས་འཁྱགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ཁ་གཏད་གྲོས་མོལ། 《བོད་རང་སྐྱོང་ལྗོངས་ཀྱི་འདམ་ར་སྲུང་སྐྱོང་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》གི་ཁྲིམས་འཛུགས་གྲོས་མོལ་བཅས་བྱས་པ། 《དམངས་གཙོའི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》བཟོས་པ། “ལྗང་མདོག་གཏེར་རི་འཛུགས་སྐྲུན”དང“ཤེས་ལྡན་པའི་འཇུར་མིག་བསལ་ནས་བརྟན་ལྷིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར”དམིགས་ཏེ་དམངས་གཙོའི་ལྟ་སྐུལ་བྱས་པ་རེད།
བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་པ།
ལོ་གཅིག་རིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིཌ་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་རྒྱུའི་ལས་དོན”སོགས་ལ་དམིགས་ནས་ལྟ་ཞིབ་དང་བརྟག་ཞིབ་བྱས་ཏེ“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་དྲུག”ལག་བསྟར་བྱེད་པར་རམ་འདེཌ་བྱས་ཡོད། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལཱའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་འགག་རྒྱག་གཏིང་ཟབ་བྱས་ཏེ། ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་ཀྱིས་བོད་ཀྱི་བརྟན་ལྷིང་གི་སྤྱི་ཡོངས་ཟང་ཟིང་བཟོ་བའི་ཆབ་སྲིད་ཀྱི་ལྐོག་གཡོར་དགག་པ་ནན་པོ་བརྒྱབ་ཡོད།
དེ་དང་ཆབས་ཅིག“ཕན་འདོགས་པ་ལྔའི”ཚད་གཞི་མཐའ་འཁྱོངས་དང“དགོན་སྡེའི་ནོར་ཁྲལ་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་དགོན་སྡེ་དོ་དམ་ཚད་ལྡན་ཅན་དང་། ལམ་ལུགས་ཅན། དེང་རབས་ཅན་བཅས་ལ་སྐུལ་འདེད་གཏོང་རྒྱུར”འཐབ་འདོན་ཇུས་འགོད་བྱེད་པར་དམ་པོར་དམིགས་ཏེ་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ཚོར་བོད་རྒྱུད་ནང་བསྟན་གྱི་བསྟན་དོན་ལ་དུས་རབས་ཡར་ཐོན་གྱི་བླང་བྱ་དང་འཚམ་པའི་འགྲེལ་བཤད་རྒྱག་རྒྱུར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཡོད། “འབྲེལ་བ་ལྔའི”ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང“གྲོགས་པོ་སྒྲིག་པའི”བྱེད་སྒོ་རྒྱ་ཆེར་བཏང་ནས་ལོ་འཁོར་མོར་མི་ཐེངས་1650དང་སྙིང་གཏམ་ཤོད་རེས་དང་སྤེལ་རེས་བྱས་པ་དང་། མི་ཐེངས་1580ལ་འཚམས་འདྲི་བྱས་པ། “གྲོཌ་ཚོཌ”རྒྱ་ཆེར་གཏོང་བ་དང་ལྟེ་མཐུན་སྒོར་དབྱིབས་ཡག་པོ་བྲིས་ཡོད།
ལས་ཀ་བྱེད་སྟངས་དང་བྱ་ཐབས་ལེགས་སུ་བཏང་ནས་ལས་ཀའི་སྤུས་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་རྒྱུན་མཐུད་ངང་བཏང་བ།
ལོ་གཅིག་རིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ལས་ཀའི་བྱ་ཐབས་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ལས་ཀའི་ལམ་སྲོལ་གསར་གཏོད་བྱེད་པ། གྲོས་གཞི་འདོན་པའི་ལས་ཀའི་སྤུས་ཚད་མཐོ་རུ་བཏང་ཡོད། 2024ལོར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྲོལ་ཡིག》བཟོ་བཅོས་བརྒྱབ་པ་དང་། ལོ་འཁོར་མོར་གྲོས་གཞི་411འབྱོར་བ་དང་། གྲོས་གཞི་399ཐོ་འགོད་བྱས་པ། གཙོ་གནད་གྲོས་གཞི་42གཏན་འཁེལ་བྱས་ཡོད། དེའི་ནང་གྲོས་གཞི་34རང་སྐྱོང་ལྗོངས་འགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་སྒྲུབ་རྒྱུར་ལྟ་སྐུལ་བྱས་པ་དང་གྲོས་གཞི་8ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་སྣེ་ཁྲིད་ནས་སྒྲུབ་རྒྱུར་ལྟ་སྐུལ་བྱས་པ། བསྒྲུབས་ལན་སློག་ཚད་100%ཟིན་ཡོད།
དེ་དང་ཆབས་ཅིག བོད་ལྗོངས་སྲིད་གྲོས་རིགས་པའི་གཞུང་ལུགས་ཞིབ་འཇུག་ཚོགས་འདུའི་ལས་འཛིན་ལྷན་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་དང་བོད་ལྗོངས་སྲིད་གྲོས་བཙུགས་ནས་ལོ་65འཁོར་བར་རྟེན་འབྲེལ་ཞུ་བའི་རིགས་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་འཚོགས་པ་བརྒྱུད། “བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པའི་ཁྲོད་ཀྱི་མི་དམངས་སྲིད་གྲོས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་བགྲོ་གླེང་བྱས་པ་དང་འབྲེལ། དཔྱད་རྩོམ་ཕྱོགས་བསྒྲིགས་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་གཏིང་ཟབ་ཏུ་བཏང་བ་དང་། 《ཀྲུང་གོ་ཉིན་རེའི་ཚགས་པར》རྒྱལ་སྤྱིའི་པར་ངོས་ཐོག་བོད་ལྗོངས་སྲིད་གྲོས་བཙུགས་ནས་ལོ་65འཁོར་བའི་ཆེད་སྒྲིག་པར་ངོས་བཏོན་པ། 《མི་དམངས་སྲིད་གྲོས་ཚགས་པར》དང《བོད་ལྗོངས་ཉིན་རེའི་ཚགས་པར》ཐོག་མིང་བཀོད་རྩོམ་ཡིག་དང་བོད་ལྗོངས་སྲིད་གྲོས་ཀྱི་འགན་སྒྲུབ་སྒྲིལ་གླེང་སོགས་བཀོད་ཡོད། 《བོད་ལྗོངས་ཉིན་རེའི་ཚགས་པར》དང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སུ“སྲིད་གྲོས་ཨུ་ཡོན་གྱི་ཉམས་བཟང”དང“དུས་རབས་གསར་པའི་ཨུ་ཡོན་གྱི་གཏམ་རྒྱུད”ཅེས་པའི་ཆེད་བསྒྲིགས་ལེ་ཚན་བཙུགས་ནས་གསར་འགྱུར་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ཡོད།
དུས་རབས་གསར་པར་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ་དང་རྒྱང་ལམ་གསར་པར་ལས་འགན་ལྕི་ལ་ལམ་ཐག་རིང་པོ་ཡོད། དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཀྱི་མདུན་དུ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་དུས་རབས་ཀྱི་གོམ་སྟབས་དང་དམ་པོར་བསྟུན་ནས་རང་འགུལ་ངང་ལས་དོན་བསྒྲུབས་པ་དང་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།