ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཀྲུང་ཨའི་གཞོན་ནུའི་དཔྱིད་གསར་གྱི་མཉམ་སྤྲོའི་བྱེད་སྒོ་སྤེལ་བ།
ཤིན་ཧྭ་གསར་འགྱུར་ཁང་ཝ་ཧྲིང་ཐོན་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར། ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་2025ལོའི་ཀྲུང་ཨའི་གཞོན་ནུའི་དཔྱིད་གསར་གྱི་མཉམ་སྤྲོའི་བྱེད་སྒོ་སྤེལ་བ་དང་། ཀྲུང་ཨའི་གཞོན་ནུ་སློབ་མ་དང་དེ་བཞིན་ཨ་རིའི་སློབ་གསོའི་ལས་རིགས་ཀྱི་མི་སྣ་500ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།
ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཤེ་ཧྥུང་གིས་ཤིས་ཚིག་སྒྲོན་སྐབས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་སྣེ་ཁྲིད་འོག“ཅིའུ་ཅིན་ཧྲན་གྱི་འདུན་པ”རིམ་བཞིན་དོན་དངོས་ཐོག་མངོན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི“ལོ་ལྔ་རིང་ཁྲི་5”ཡི་གྲོས་འགོ་དོན་འཁྱོལ་བྱས་ནས་རྩ་བ་ཚུགས་པ་དང་ཕན་འབྲས་ཐོན་ཡོད། ལོ་གསར་པར། ང་ཚོས་ཀྲུང་ཨའི་འབྲེལ་བའི་འདུན་པ་གསར་པ་གཏོད་ནས་ཀྲུང་ཨའི་འབྲེལ་བ་བརྟན་ལྷིང་དང་། སྐྱོན་བྲལ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཀྱི་ལམ་བུར་མདུན་སྐྱོད་བྱེད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།