དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཝུའུ་ཅུས་ཟློས་གར་གྱིས་ཆི་ལིར“སྤྲོ་སྣང་ལྡན་པའི་དཔྱིད་གསར”གྱི་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-01-17

    ཤིན་ཧྭ་གསར་འགྱུར་ཁང་སན་ཐེ་ཡ་ཀོ་ནས་ཟླ་1ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཚེས་10ཉིན་གྱི་དགོང་མོར། ཝུའུ་ཅུས་ཟློས་གར་གྱི་འཁྲབ་སྟོན་ཞིག་ཆི་ལིའི་རྒྱལ་ས་སན་ཐེ་ཡ་ཀོ་རུ་འཚོགས་པའི“2025ལོའི་སན་ཐེ་ཡ་ཀོའི་དབྱི་ཆན་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན”ཐོག་འཁྲབ་སྟོན་བྱས་ནས་ཆི་ལིར“སྤྲོ་སྣང་ལྡན་པའི་དཔྱིད་གསར”གྱི་བྱེད་སྒོ་སྤེལ་འགོ་ཚུགས་ཡོད།

    ཉིན་དེའི་དགོང་མོར། ཝུའུ་ཅུས་ཟློས་གར་གྱི་བརྩམས་ཆོས་རྩེ་གྲ་མང་པོ་ཞིག་སན་ཐེ་ཡ་ཀོའི་ཤར་ཕྱོགས་ཟློས་གར་ཁང་གི་གར་སྟེགས་སུ་འཁྲབ་ཡོད། 《སུམ་མདོ་ཁ》དང་། 《ཧུའུ་ཅ་ཀྲོང་གཞིས་ཀ》 《སྤྲེའུ་སྤུ་སེར་གྱིས་དཔྱིད་གསར་ལ་བཞད་གད་སློང་བ》སོགས་ཀྱི་དྲག་རྩལ་ཟློས་གར་འཁྲབ་པས་གར་སྟེགས་གཤམ་གྱི་ལྟད་མོ་བས་དགའ་འབོད་ཡང་ཡང་བྱེད་པ་དང་། 《མཛེས་འཆོས་སྤྲས་པ》དང《མཛེས་རྒྱན་སྤྲས་པའི་མགྱོགས་བྱམས་འདེགས་པ》སོགས་ཀྱི་བག་ཕེབས་བཞད་གད་ལ་་ལྟད་མོ་བའི་ཡིད་དབང་རབ་ཏུ་འཕྲོག་ནས་དགོད་སྒྲ་ཡང་ཡང་གྲགས། དེས་མ་ཚད་རྒྱ་གླིང་རྐྱང་དཀྲོལ《ཆི་བི་ཁ་འཐུ་བ》དང་དམངས་ཁྲོད་སྒྱུ་རྩལ་གྱི《འབྲུག་རྩེད》སོགས་སྲོལ་རྒྱུན་སྒྱུ་རྩལ་འཁྲབ་སྟོན་ལ་ས་གནས་ས་ཐོག་གི་ལྟད་མོ་བའི་དགའ་བསུ་ཡང་ཡང་ཐོབ་ཡོད།

    དགོང་མོའི་འཁྲབ་སྟོན་ནི་ཀྲེ་ཅང་ཝུའུ་ཅུས་ཟློས་གར་སྒྱུ་རྩལ་ཞིབ་འཇུག་ཁང་གི་ཚོགས་ཆུང་གིས་ཆི་ལིར་སྤེལ་བའི་འཁྲབ་སྟོན་ཐོག་མ་ཡིན་ལ། ཆི་ལིར་2025ལོའི“སྤྲོ་སྣང་ལྡན་པའི་དཔྱིད་གསར”གྱི་བྱེད་སྒོ་ཐོག་མ་ཞིག་ཀྱང་ཡིན་པས། ད་ལོའི་ཀྲུང་ཆི་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་55འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་རྣམ་པ་བཟང་པོ་བསྐྲུན་ཡོད། ཟླ་1ཚེས་10ནས་16ཉིན་བར། ཚོགས་པ་དང་ཚོགས་ཆུང་གིས་ཆི་ལིའི་ཟློས་གར་ཁང་མང་པོར་སྐོར་སྐྱོད་འཁྲབ་སྟོན་ཐེངས་7ཙམ་བྱས་ནས་ཝུའུ་ཅུས་ཟློས་གར་གྱི་རིག་གནས་འཆད་ཁྲིད་དང་མཐོངས་ཡངས་འཁྲབ་སྟོན་བྱས་ཏེ་ཆི་ལིའི་བྱེད་སྒོ་མཇུག་འགྲིལ་རྗེས་ད་དུང་པ་པ་ཏོ་སིར་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།