དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང་གིས་སྒུལ་བདེའི་CTརླངས་འཁོར་བཏང་ནས་སྒོ་རྩར་ཞབས་འདེགས་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-17

    “ངའི་ཨ་མ་རྐང་པ་ན་གི་འདུག མགྱོགས་པོ་གློག་པར་ཞིག་བརྒྱབ་ནས་རུས་ཆག་ཤོར་ཡོད་མེད་གཅིག་གཟིགས་རོགས་གནང”

    “ངའི་སྟོད་སྒལ་ལ་ས་ཕག་ཐེབས་བྱུང་བས་བརྟག་དཔྱད་བྱེད་པར་ཡོང་བ་ཡིན”

    ཟླ་1ཚེས་12ཉིན། གསར་འགོད་པས་དིང་རི་རྫོང་མཚོ་སྒང་ཤང་གཞལ་བྲོད་གྲོང་ཚོ་ནས་ས་གནས་དེ་གའི་མང་ཚོགས་ཀྱིས་སྒུལ་བདེའི་CTརླངས་འཁོར་གྱི་མདུན་དུ་བང་བསྒྲིགས་ཏེ་བརྟག་དཔྱད་ལ་སྒུག་སྡོད་མཁན་མང་པོ་མཐོང་བྱུང་། དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང་གི་རིགས་གཅིག་མཁས་ཅན་ཚོགས་པས་སྒུལ་བདེའི་CTརླངས་འཁོར་ཞིག་བཏང་ནས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་གྱི་གེགས་ཁུལ་དུ་རོགས་སྐྱོར་ལ་ཡོང་ཡོད། ཉིན་དེ་དག་རིང་ཁོང་ཚོས་སྒུལ་བདེའི་CTརླངས་འཁོར་མཚོ་སྒང་ཤང་དང་གྲམ་མཚོ་ཤང་དུ་བཏང་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྐོར་སྐྱོད་བརྟག་དཔྱད་བྱེད་བཞིན་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། སྐོར་སྐྱོད་སྨན་བཅོས་ཞབས་ཞུའི་རུ་ཁག་དེར་ཁྱོན་བསྡོམས་མི་གསུམ་ཡོད་ཅིང་། “ང་ཚོ་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་19དང་སྐར་མ་40ཙམ་ལ་དིང་རི་རྫོང་མི་དམངས་སྨན་ཁང་དུ་སླེབས་མ་ཐག་གཙོ་བོ་རྨས་སྐྱོན་ལ་བརྟག་དཔྱད་དང་རིགས་དབྱེའི་ལས་ཀ་བྱས་པ་ཡིན། ཟླ་1ཚེས་10ཉིན་ང་ཚོས་སྒུལ་བདེའི་CTརླངས་འཁོར་སྤྱད་དེ་ཡོམ་ཁུལ་གྱི་འཐབ་ས་དང་པོར་སྐོར་ཞིབ་སྨན་བཅོས་བྱས་ནས། ས་ཡོམ་ཁྲོད་ཀྱི་ནད་རྟགས་མ་མངོན་པའི་རྨས་མ་དང་དགོས་མཁོ་ཡོད་པའི་མང་ཚོགས་ལ་CTབརྟག་དཔྱད་བྱས་པ་ཡིན”ཞེས་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གི་བོད་སྐྱོར་རིགས་གཅིག་མཁས་ཅན་སྨན་པ་དཀའ་བཅུ་པ་དང་ཀྲུའུ་རེན་གཞོན་པ་ཅང་ཡའོ་ཝུན་གྱིས་བཤད།

    ས་གནས་ས་ཐོག་ཏུ་སྨན་བཅོས་མི་སྣས་གོ་རིམ་ལྡན་པའི་ངང་ནད་པའི་ཆ་འཕྲིན་ཐོ་འགོད་དང་། CTརྒྱག་པ། སྙན་ཞུ་འདོན་པ་སོགས་ལ་བྲེལ་བཞིན་འདུག

    “ངའི་སྐེད་པ་ན་ནས་ཡུན་རིང་པོ་འགྲོ་ཡི་འདུག ཁྱིམ་གྱི་ལས་ཀར་མགོ་འཁོར་ཏེ་སྨན་ཁང་ལ་བརྟག་དཔྱད་བྱེད་པར་ཡོང་ཁོམ་མ་བྱུང་། ད་རེས་གྲོང་ཚོར་སྨན་པ་སླེབས་པ་དང་བསྟུན་ནས་བརྟག་དཔྱད་བྱེད་པར་ཡོང་བ་ཡིན། CTརླངས་འཁོར་སྒོ་རྩར་ཡོང་གི་རེད་སྙམ་པ་མ་བྱུང་། དངོས་གནས་སྟབས་བདེ་པོ་འདུག ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་ལོ་63ལ་སླེབས་པའི་གཞལ་བྲོད་གྲོང་ཚོའི་གྲོང་མི་ངག་དབང་ཕུར་བུས་དེ་ལྟར་བཤད།

    ཅང་ཡའོ་ཝུན་གྱིས“སྲོག་སྐྱོབ་རྒྱུ་ཨང་དང་པོར་འཇོག་པའི”རྩ་དོན་རྒྱུན་འཁྱོངས་བྱས་ཏེ་གེགས་ཁུལ་གྱི་གནས་ཚུལ་ལ་མུ་མཐུད་དོ་ཁུར་བྱས་ནས། སྨན་བཅོས་འགན་སྲུང་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་ཡོམ་འགོག་གེགས་སེལ་ལ་སྨན་བཅོས་ཀྱི་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།