ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་གསར་དུ་བསྐྲུན་པའི་རླངས་འཁོར་འཇོག་ས་426སྤྱོད་འགོ་ཚུགས་པ།
ཉེ་ཆར། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་གསར་དུ་བསྐྲུན་པའི་རླངས་འཁོར་འཇོག་ས་426སྤྱོད་འགོ་ཚུགས་ནས། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་T3རླངས་འཁོར་འཇོག་སའི་རླངས་འཁོར་འཇོག་པའི་འགན་སྲུང་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།
ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་གནམ་ཐང་གི་འཁོར་འཇོག་དོ་དམ་དང་ཞབས་ཞུར་ལྟ་འདོམས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་ནུས་རྒྱུ་གསར་པའི་འཁོར་རིགས་ཀྱི་གློག་སྡོང་དང་སྤྱི་པའི་གསང་སྤྱོད་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་འགྲུལ་པ་ཕྱིར་སྐྱོད་ཀྱི་ཉམས་ལེན་ལེགས་སུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།