དབུ་ཤོག>གསར་འགྱུར།>དམངས་འཚོ།
  • འདམ་གཞུང་རྫོང་ཁྲལ་དོན་ཅུས་ཀྱིས་ཁྲལ་གྲོན་ཞབས་ཞུའི་ལས་དོན་ཁང་གསར་པ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-15

    ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་འདམ་གཞུང་རྫོང་ཁྲལ་དོན་ཅུས་ཀྱིས“མི་དམངས་ལྟེ་བར་འཛིན་པའི”འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་ཁྲལ་གྲོན་ཞབས་ཞུའི་སྤུས་ཕན་གཉིས་ཀ་ལེགས་སུ་དང་མཐོ་རུ་གཏོང་བའི་རྫོང་ཁོངས་ཀྱི་ཁྲལ་དོན་ཁྱབ་ཁོངས་ཀྱི་ཚོང་གཉེར་ཁོར་ཡུག་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ། ས་བབ་མཐོ་བའི་ཐག་རིང་ལུང་ཁུག་གི་རྫོང་དང་ཆུས་ཀྱི་གཉེར་སྐྱོང་བྱེད་པོའི་དོན་དངོས་ཀྱི་ཁྲལ་བསྡུའི་ལས་སྒོ་སྒྲུབ་གཉེར་དང་འབྲེལ་བའི་དཀའ་གནད་དང་འགག་གནད་ལ་དམ་པོར་དམིགས་ནས“དྭངས་གཙང་དཔྱིད་དཔལ”ལས་དོན་ཁང་གསར་དུ་བཙུགས་ཡོད།

    ལས་དོན་ཁང་དེ་2023ལོའི་ཟླ་9པར་བཙུཌ་ཚུན། ཁྲལ་བསྡུའི་རྩོད་གཞི་60ལྷག་ཙམ་འདུམ་འགྲིག་བྱས་ནས་འགལ་ཟླ་གཞི་རིམ་དུ་བསལ་བས། འགལ་ཟླ“འབྱུང་རྩ་ནས་ཐག་གཅོད་དང་། བསྒྲུབས་རྗེས་བསྐྱར་འདྲི། ཕུགས་ཕན་རྒྱུན་མཐུད”བཅས་ཡོང་བའི་གདུམ་ཟུམ་གྱི་ཞབས་ཞུའི་འདུམ་འགྲིག་བྱེད་སྟངས་ཤིག་ཆགས་ཐུབ་ཡོད།

    དེ་དང་དུས་མཚུངས་ཞབས་ཞུ་སྔར་བས་སྣུར་སྲིང་དང་ཁྲལ་འཇལ་ཞབས་ཞུ་ཤར་གཏོང་བྱ་ཆེད། འདམ་གཞུང་རྫོང་ཁྲལ་དོན་ཅུས་ཀྱིས“དྭངས་གཙང་དཔྱིད་དཔལ”ལས་དོན་ཁང་གཞི་རིམ་དུ་སྣུར་སྲིང་བྱས་པ་དང་། རྫོང་སྲིད་འཛིན་ཞིབ་མཆན་ཅུས་དང་མཉམ་དུ་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ཏུ“‘དྭངས་གཙང་དཔྱིད་དཔལ’གྱི་གྲོང་གསེབ་དར་རྒྱས་ཀྱི་ཁྲལ་གྲོན་ཞབས་ཞུའི་ས་ཚིགས”བཙུགས་ཤིང་། ཁྲལ་བསྡུའི་ལས་སྒོ་བྱང་ཆུབ་ཅིང་སྐད་གཉིས་ཤེས་པའི་འཇོན་ཐང་ཅན་གྱི་ལས་དོན་པ་བཀོད་སྒྲིག་བྱས་ཏེ། ས་གནས་དེ་གའི་ཁྲལ་འཇལ་བ་དང་འགྲོ་གྲོན་འཇལ་མཁན་ལ་འདུན་ཞུ་དང་། སྤ་སེ་འབྲི་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་འགན་བཅོལ་གཉིས་སོགས་ཀྱི་གནད་དོན་བློ་འདྲི་དང་ལེན་དང་ཟུར་ཁྲིད་ཀྱི་ཞབས་འདེཌ་ཞུས་ཡོད། མིག་སྔར། རྫོང་ཡོངས་ཀྱིས་ཤང་དང་གྲོང་རྡལ་ཚང་མར་ས་ཚིགས་6བཙུགས་པ་མ་ཟད། ཁྲལ་འཇལ་བ་དང་འགྲོ་གྲོན་འཇལ་མཁན་མང་པོར་ཁྲལ་གྲོན་དང་འབྲེལ་བ+་ཡོད་པའི་ལས་སྒོ་700ལྷག་ཙམ་བསྒྲུབས་པ་དང་། སྲིད་ཇུས་དྲིལ་བསྒྲགས་བྱས་ནས་ལོ་ལྟར་མང་ཚོགས་ཁྲི་2ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།