དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནུས་སེམས་གཅིག་སྒྲིལ་གྱིས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱིས་ཡོམ་འགོག་གེགས་སེལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཧུར་ཐག་ལེན་པའི་རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཧུར་སེམས་ལ་སྐུལ་ལྕག་ཐེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-15

    ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་བོད་ལྗོངས་དིང་རིའི་ཡོམ་འགོག་གེགས་སེལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། གོ་བ་གཏིང་ཟབ་ལེན་པ། ལག་བསྟར་དོན་འཁྱོལ་ནན་ཏན་བཅས་བྱས་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་འབོད་སྐུལ་དང་ལེན་ཞུས་ནས་མི་དང་དངོས་ཟོག་འབོར་ཆེན་བཏང་སྟེ་གེགས་ཁུལ་གྱི་ཡོམ་འགོག་གེགས་སེལ་ལས་དོན་སྤེལ་བར་རོགས་རམ་བྱས་ཤིང་། ཚང་མས་འགན་འཁྲི་ནན་ཏན་འཁུར་བ་དང་ལས་ཀ་ཧུར་ཐག་བྱས་ཏེ་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་སྟེ། ཡོམ་འགོག་གེགས་སེལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    རང་སྐྱོང་ལྗོངས་ས་ཡོམ་ཅུས་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲེན་ལིན་ཤིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་གསུང་བཤད་གལ་ཆེན་ནི་མཐའ་མཚམས་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་དང་གེགས་ཁུལ་གྱི་མི་དམངས་ལ་ཐུགས་ཁུར་བྱམས་སྐྱོང་གནང་བ་ཞིག་ཡིན་པས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ལྗོངས་ས་ཡོམ་ཅུས་ཀྱིས་ས་ཡོམ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་སྔར་བས་ཤུགས་སྣོན་བརྒྱབ་ནས། ལྟ་ཞིབ་ཚད་ལེན་ལག་རྩལ་གྱི་ཞིབ་ཕྲ་ཚད་དང་རྒྱ་ཆེ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཡོམ་འཕྲོ་དང་དྲོད་ཚད་དམའ་བ་སོགས་ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་པོ་བྱེད་པ། ས་ཡོམ་གྱི་ཚན་རིག་ཤེས་བྱ་ཁྱབ་གདལ་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས། སྤྱི་དམངས་ཀྱི་ས་ཡོམ་སྔོན་འགོག་གི་འདུ་ཤེས་དང་རང་སྐྱོབ་དང་ཕན་ཚུན་སྐྱོབ་ནུས་ཆེ་རུ་གཏོང་བ། དུས་མཚུངས་སུ་རྒྱུན་གཏན་གྱི་ལས་ཀ་ཞིབ་ཚགས་སྒྲུབ་པ་དང་། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། ལས་འགན་དོན་འཁྱོལ་བཅས་བྱས་ཏེ་མཉམ་ཤུགས་ཆེན་པོ་ཆགས་པར་བྱས་ནས། ཡོམ་འགོག་གེགས་སེལ་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་གྱི་ཡིན་ཞེས་བརྗོད།

    དིང་རི་རྫོང་ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་ཏང་ཡོན་ལས་བྱེད་པ་དང་། སྤྱི་བདེ་མི་དམངས་ཉེན་རྟོག་པ། མེ་ཟོན་བཀོད་འཐབ་པ་བཅས་ཀྱིས་བྲེལ་འཚུབ་ཆེ་ཡང་གོ་རིམ་ལྡན་པའི་ངང་དངོས་ཟོག་དབོར་འདྲེན་བསྡོམས་རྩིས་དང་རིགས་དབྱེ་ལེགས་སྒྲིག་སོགས་ཀྱི་ལས་དོན་སྤེལ་བཞིན་འདུག སྒོ་རའི་ཕྱི་རོལ་དུ་མང་ཚོགས་ཀྱིས་ལས་དོན་པའི་ཁྲིད་སྟོན་འོག གོ་རིམ་ལྡན་པའི་ངང་ཁ་ལག་ཚ་པོ་ལེན་བཞིན་འདུག མཚོ་སྔ་གྲོང་ཚོའི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་སྒྲོན་ལགས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས་མཛུབ་སྟོན་གལ་ཆེན་གནང་བ་མ་ཟད། ཚོགས་འདུ་གཙོ་སྐྱོང་གནང་ནས་དིང་རིའི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་བས། ང་ལ་སྐུལ་མ་ཆེན་པོ་ཐེབས་བྱུང་ལ་སེམས་ཤུགས་ཀྱང་ཆེ་རུ་ཕྱིན་སོང” “ང་ཚོས་ངེས་པར་དུ་བསམ་བློ་གཅིག་ཏུ་གཏོང་བ་དང་། ངར་ཤུགས་གཅིག་ཏུ་སྒྲིལ་བ། རྡོག་རྩ་གཅིག་ཏུ་བསྒྲིལ་ནས། ཡོམ་འགོག་གེགས་སེལ་གྱི་དམག་འཐབ་དྲག་པོར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་གྱི་ཡིན”ཞེས་བརྗོད།

    དིང་རི་རྫོང་གྲམ་མཚོ་ཤང་བྲག་བྱང་གྲོང་ཚོར་ས་ཡོམ་རྒྱག་སྐབས། ལོ་20ལ་སླེབས་མ་ཐག་པའི་ཉི་མ་དོན་གྲུབ་ཀྱིས་འཕྲལ་མར་རང་གི་གཟུགས་པོས་གཅུང་པོར་སྲུང་སྐྱོབ་བྱས་པར་རང་གི་མགོ་དང་པུས་མོར་རྨས་སྐྱོན་ཕོག རང་སྐྱོབ་ལེགས་འགྲུབ་བྱུང་རྗེས། ཁོང་གིས་རང་ཉིད་ཀྱི་རྨས་སྐྱོན་ལ་འཛེམ་ཁོམ་མེད་པར་སླར་ཡང་ཞིག་རོའི་ཁྲོད་ནས་ཡུལ་མི་བརྒྱད་བསྐྱབས། ཉི་མ་དོན་གྲུབ་ཀྱིས“ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག ང་ཚོས་ཕྱར་བ་གྲུ་འདེགས་བྱས་ན་དེ་བས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་རེད”ཅེས་བརྗོད།

    ས་ཡོམ་བརྒྱབ་རྗེས། གཞིས་རྩེའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་འཇིགས་སྐྱོབ་ཟམ་པའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་འཕྲལ་མར་རོང་གོང་ཞིབ་བཤེར་ས་ཚིགས་ཀྱི་ཉེན་རྟོག་པ་ལྔ་བསྐངས་ནས། རོང་གོང་གྲོང་ཚོར་འཕྲལ་དུ་རོགས་སྐྱོབ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པར་མངགས། ཀྲེན་ཀྲང་ཨན་ཝུན་ཁུན་གྱིས། ཞིབ་བཤེར་ས་ཚིགས་ཀྱི་ཉེན་རྟོག་པ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། འགག་རྩའི་སྡེ་ཚན་དང་གནས་ཡུལ་ལ་གཞོགས་འདེགས་ཧུག་ཐག་བྱས་ཏེ། དངོས་ཟོག་གལ་ཆེན་སྐྱེལ་འདྲེན་བདེ་བླག་ཡོང་བར་འགན་ལེན་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་གེགས་རྗེས་བསྐྱར་སྐྲུན་ལ་ཞབས་འདེགས་ཞུ་བ། དེ་བས་བདེ་འཇགས་བརྟན་ལྷིང་དང་ཞི་མཐུན་གྱི་ཁོར་ཡུག་སྐྲུན་པ་བཅས་ཀྱི་ཆེད་དུ་རང་རང་གི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད།

    རོགས་སྐྱོབ་ལས་དོན་ནང་ཞུགས་པའི་གཞིས་རྩེའི་ཡན་ལག་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་འཐབ་འཛིང་པ་དབྱང་ཀང་རུའེ་ཡིས། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རྒྱུ་ནོར་ཧུར་ཐག་འཚོལ་བ་དང་དེ་དག་བདེ་འཇགས་ལྡན་པའི་ས་ཆར་དབོར་རོགས་བྱས་ནས། ཁོང་ཚོའི་དཔལ་འབྱོར་གྱི་གྱོང་གུན་གསབ་ཐབས་བྱེད་ཀྱི་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་གཟབ་བཞེས་དང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་གཞོགས་འདེགས་ཧུར་ཐག་བཅས་ཡོད་པས། ང་ཚོར་གློ་བུར་དུ་བྱུང་བའི་ས་ཡོམ་གྱི་གནོད་འཚེ་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།