དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་བརྡ་ཐོར་གཞིགས་ནས།

    གནས་གཏན་འཁེལ་གྱི་སྨན་དང་སྨན་བཅོས་སྒྲིག་གཞིས་རང་བཤེར་རང་བཅོས་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-01-14

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་བརྡ་ཐོ་གཞིར་བཟུང་། 2025ལོར་གནས་གཏན་འཁེལ་གྱི་སྨན་དང་སྨན་བཅོས་སྒྲིག་གཞིས་ཁྲིམས་འགལ་སྒྲིག་འགལ་གྱིས་སྨན་བཅོས་འགན་བཅོལ་ཐེབས་རྩ་སྤྱོད་པའི་རང་བཤེར་རང་བཅོས་ལས་དོན་སྤེལ་འགོ་ཚུགས་པ་རེད།

    དེ་ནི་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་2024ལོར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གནས་གཏན་འཁེལ་གྱི་སྨན་དང་སྨན་བཅོས་སྒྲིག་གཞིའི་རང་བཤེར་རང་བཅོས་ལས་དོན་ཐོག་མར་སྒྲིག་འཛུགས་བྱས་ནས་སྤེལ་བའི་ལོ་གཉིས་པར་རྒྱལ་ཡོངས་ཁྱབ་ཁོངས་སུ་སྤེལ་བ་ཞིག་རེད།

    བརྡ་ཐོ་གཞིར་བཟུང་། ད་ཐེངས་ཀྱི་གནས་གཏན་འཁེལ་གྱི་སྨན་དང་སྨན་བཅོས་སྒྲིག་གཞིའི་རང་བཤེར་རང་བཅོས་ལས་དོན་གྱི་ཁྱབ་ཁོངས་དེ་བས་ཆེ་བ་ཡོད་པ་རེད། རང་བཤེར་རང་བཅོས་ཀྱི་བྱེད་པོ་ནི་གནས་གཏན་འཁེལ་གྱི་སྨན་དང་སྨན་བཅོས་སྒྲིག་གཞིའི་བྱེད་པོའི་རིགས་ནས་གནས་གཏན་འཁེལ་གྱི་སྨན་དང་སྨན་བཅོས་སྒྲིག་གཞི་དང་གནས་གཏན་འཁེལ་གྱི་སྨན་རྫས་སིལ་ཚོང་ཁང་གི་བྱེད་པོ་གཉིས་སུ་སྣུར་སྲིང་བྱས་ཡོད། གནས་གཏན་འཁེལ་གྱི་སྨན་དང་སྨན་བཅོས་སྒྲིག་གཞིའི་རང་བཤེར་རང་བཅོས་ཁྱབ་ཁོངས་ནི་སྙིང་ནད་ཁྲག་རྩའི་སྡེ་ཁག་དང་། རུས་ནད་ཚན་ཁག ཟུངས་ཁྲག་བསིང་བཅོས། ཁམས་གསོ། གསོ་རིག་པར་ལེན། ནད་ཐོག་བརྟག་དཔྱད་བཅས་ཁྱབ་ཁོངས་དྲུག་གི་རྨང་གཞིའི་ཐོག་སྐྲན་ནད་དང་། སྦྲིད་སྨན། ནད་ལྕིའི་གསོ་རིག་བཅས་ཁྱབ་ཁོངས་གསུམ་གསར་དུ་བསྣན་ཡོད། རིན་པ་བསྐྱར་བསྡུ་དང་སྨན་བཅོས་ཚད་ལས་བརྒལ་བ་སོགས་དཔེ་མཚོན་གནད་དོན་ཐད་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་གནད་དོན་གྱི་གསལ་ཐོ་བཟོས་ནས་འགྲེམས་སྤེལ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།