དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལྕགས་ལམ་12306གིས་རིམ་རྩིས་བརྒྱབ་ན་དཔྱིད་གསར་སྐྱེལ་འདྲེན་རིང་ཁྱོན་སྤ་སེ་ཁྲི་7574བཙོངས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-01-14

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ལྕགས་ལམ་12306ཚན་རྩལ་གསར་གཏོད་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ཟླ་12ཚེས་31ཉིན། དཔྱིད་གསར་སྐྱེལ་འདྲེན་གྱི་སྤ་སེ་ཚོང་འགོ་ཚུགས་ཚུན། 2025ལོའི་ཟླ་1ཚེས་12ཉིན་གྱི་ཆུ་ཚོད་16བར་རིམ་རྩིས་བརྒྱབ་ན་དཔྱིད་གསར་སྐྱེལ་འདྲེན་རིང་ཁྱོན་སྤ་སེ་ཁྲི་7574བཙོངས་པ་རེད།

    ལྕགས་ལམ་12306ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར། མིག་སྔའི་སྤ་སེ་སྔོན་ཚོང་གི་གནས་ཚུལ་ལ་བལྟས་ན། ཐོན་མང་བའི་གྲོང་ཁྱེར་གྲས་སུ་གཙོ་བོ་ནི་ཧྲང་ཧའེ་དང་། ཀོང་ཀྲོའུ། པེ་ཅིང་། ཧྲེན་ཀྲེན། ཧང་ཀྲོའུ། ཁྲེང་ཏུའུ། ཝུའུ་ཧན། ཁྲུང་ཆིང་། ནན་ཅིང་། ཤིས་ཨན་བཅས་ཡོད་པ་དང་། སླེབས་མང་ཤོས་ཀྱི་གྲོང་ཁྱེར་གྲས་སུ་གཙོ་བོ་པེ་ཅིང་དང་། ཀོང་ཀྲོའུ། ཝུའུ་ཧན། ཁྲེང་ཏུའུ། ཁྲུང་ཆིང་། ཧྲང་ཧའེ། ཀྲེང་ཀྲོའུ། ཁྲང་ཧྲ། ཤིས་ཨན། ཧང་ཀྲོའུ་བཅས་ཡིན་པ། ཀོང་ཀྲོའུ་ནས་ནན་ཉིང་དང་། ཀོང་ཀྲོའུ་ནས་ཝུའུ་ཧན། ཧྲེན་ཀྲེན་ནས་ཁྲང་ཧྲ། སུའུ་ཀྲོའུ་ནས་ཧྲང་ཧའེ། ཧྲེན་ཀྲེན་ནས་ཝུའུ་ཧན། ཀོང་ཀྲོའུ་ནས་ཁྲུང་ཆིང་། ཧྲང་ཧའེ་ནས་པེ་ཅིང་། ཧྲང་ཧའེ་ནས་ཝུའུ་ཧན། པེ་ཅིང་ནས་ཧར་པིན། ཀོང་ཀྲོའུ་ནས་ཁྲང་ཧྲ་སོགས་བར་འགྲུལ་རྒྱུན་བལྟོས་བཅས་ཀྱིས་གཅིག་སྡུད་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།