དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཅང་ཤིས་དབྱི་ཁྲུན་གྱིས་ལྗང་མདོག་སྨྱུག་མར་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-14

    ཤེས་རྟོགས་བྱུང་བར་གཞིགས་ན། དབྱི་ཧྥུང་རྫོང་གི་སྨྱུག་མའི་ནགས་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི་87.2ཟིན་པ་དང་སོན་ཤིང་གསོག་ཚད་རྐང་དུང་ཕྱུར་1.19ཟིན་ནས། རྒྱལ་ཡོངས་ཀྱི་ཨང་གསུམ་པ་དང་ཅང་ཤིས་ཞིང་ཆེན་གྱི་ཨང་དང་པོར་སླེབས་ཡོད། ཉེ་བའི་ལོ་ཤས་རིང་། དབྱི་ཧྥུང་རྫོང་གིས་སྨྱུག་མའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་སྨྱུག་མ་འདེབས་འཛུགས་དང་། ཉི་སྐམ། ལས་སྣོན། ཕྱིར་འཚོང་བཅས་གཞི་གཅིག་ཏུ་འདུས་པའི་སྨྱུག་མའི་ཐོན་ལས་འཁོར་འབྲེལ་བཙུགས་པ་དང་། ལྗང་མདོག་སྨྱུག་མའི་ལས་སྣོན་ཁེ་ལས་27འཕེལ་རྒྱས་བཏང་ནས་སྨྱུག་མ་འདེབས་འཛུགས་དང་འབབ་འཕར་ལ་སྐུལ་ཁྲིད་བྱས་པ་རེད། འདི་ནི་ཅང་ཤིས་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་དབྱི་ཧྥུང་རྫོང་ཐན་ཧྲན་གྲོང་རྡལ་ཧྥུའུ་ཤིས་གྲོང་ཚོའི་སྨྱུག་མའི་ཐོན་རྫས་ཐོན་སྐྱེད་ལས་སྣོན་ཁེ་ལས་སུ་ལས་མིས་སྨྱུག་མ་ཨ་ལོག་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།