2024ལོར་རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ མི་ཁྲི་88.9ལ་ཆད་པ་བཅད་པ།
ཞིང་ཆེན་དང་པུའུ་རིམ་པའམ་དེ་ཡན་གྱི་ལས་བྱེད་པ་73ཚུད་པ།
ཚེས་10ཉིན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་གསལ། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་2024ལོའི་རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་ཞིབ་བཤེར་བརྟག་དཔྱད་བྱས་ཚུལ་བརྡ་ཁྱབ་བཏང་ཞིང་། 2024ལོར་རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་གྱོད་གཞི་ཁྲི་87.7ཐོ་འགོད་བྱས་པ་དང་མི་ཁྲི་88.9ལ་ཆད་པ་བཅད་པའི་ནང་ཞིང་ཆེན་དང་པུའུ་རིམ་པའམ་དེ་ཡན་གྱི་ལས་བྱེད་པ་73ཚུད་ཡོད།
བརྡ་ཁྱབ་ལས་མངོན་པར། 2024ལོར། རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་ཡིག་འབུལ་ཞུ་བཅར་དང་ཐེར་འདོན་ཐེངས་ཁྲི་356.6དང་ལེན་བྱས་པའི་ནང་ཉེས་འདོན་དང་ཞུ་གཏུག་རིགས་ཀྱི་ཡིག་འབུལ་ཞུ་བཅར་དང་ཐེར་འདོན་ཐེངས་ཁྲི་100.7དང་ལེན་བྱས་པ་དང་གནད་དོན་གྱི་ཁུངས་སྣེ་ཁྲི་217.5ཐག་གཅོད་བྱས་ཡོད། གྱོད་དོན་ཁྲི་87.7ཐོ་འགོད་བྱས་པའི་ནང་ཞིང་ཆེན་དང་པུའུ་རིམ་པའམ་དེ་ཡན་གྱི་ལས་བྱེད་པ་73དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་4348 རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་3.5 ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི་12.1བཅས་ཡོད། ད་ལྟ་འགན་འཁུར་བཞིན་པའམ་ཡང་ན་སྔོན་ཆད་འགན་ཁུར་མྱོང་བའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཁྲི་10.4ཡི་གྱོད་དོན་ཐོ་འགོད་བྱས་པ་དང་མི་ཁྲི་88.9ལ་ཆད་པ་བཅད་པའི་ནང་། མི་ཁྲི་68ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་དང་མི་ཁྲི་27ལ་སྲིད་དོན་གྱི་ཆད་པ་བཅད་ཡོད། ཞིང་ཆེན་དང་པུའུ་རིམ་པའམ་དེ་ཡན་གྱི་ལས་བྱེད་པ་73དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་3838 རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་3.1 ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི་11.2 ལས་བྱེད་པ་དཀྱུས་མ་ཁྲི་12.8 གྲོང་གསེབ་དང་ཁེ་ལས་སོགས་ཀྱི་མི་སྣ་གཞན་ཁྲི་61.3བཅས་ལ་ཆད་པ་བཅད་ཡོད་པ་རེད།
བརྡ་ཁྱབ་ལ་གཞིགས་ན། 2024ལོར་རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“ཐབས་རྣམ་བཞི”སྤྱད་དེ་མི་ཐེངས་ཁྲི་214.8ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པའི་ནང་། ཐབས་རྣམ་དང་པོ་སྤྱད་དེ་མི་ཐེངས་ཁྲི་124.8ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་དེས་མི་ཐེངས་བསྡོམས་འབོར་གྱི་58.1%བཟུང་བ་དང་། ཐབས་རྣམ་གཉིས་པ་སྤྱད་དེ་མི་ཐེངས་ཁྲི་75.6ལ་ཐག་གཅོད་བྱས་པ་དེས་35.2%བཟུང་བ། ཐབས་རྣམ་གསུམ་པ་སྤྱད་དེ་མི་ཐེངས་ཁྲི་7.2ལ་ཐག་གཅོད་བྱས་པ་དེས་3.3%བཟུང་བ། ཐབས་རྣམ་བཞི་པ་སྤྱད་དེ་མི་ཐེངས་ཁྲི་7.3ལ་ཐག་གཅོད་བྱས་པ་དེས་3.4%བཟུང་ཡོད། དེ་དང་ཆབས་ཅིག་ལྐོག་རྔན་སྤྲོད་ལེན་མཉམ་དུ་ཞིབ་བཤེར་མཐའ་འཁྱོངས་ཀྱིས་ལྐོག་རྔན་སྤྲོད་མཁན་མི་ཁྲི་2.6གྱོད་དོན་ཐོ་འགོད་བྱས་པ་དང་མི་4271ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲད་ཡོད་པ་རེད།