ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་ལོ་གསར་མཁོ་ཆས་ཀྱི་ཆེད་གཏོང་མེ་འཁོར་ཤིས་ཨན་དུ་འབྱོར་བ།
ཟླ་1ཚེས་10ཉིན་སྐྱོད་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་ལོ་གསར་གྱི་མཁོ་ཆས་ཀྱི་ཆེད་གཏོང་མེ་འཁོར་ནི་ཧ་སག་སི་ཐན་པེ་ཧ་ཀྲོའུ་ཨའེ་ཅུས་འབྲུ་སྣུམ་ཕྱི་རྒྱལ་བཟོ་གྲྭ་ཁུལ་གྱི་ལྕགས་ལམ་ཆེད་སྤྱོད་ལམ་ཐིག་ནས་ཐོན་ཏེ་ཤིས་ཨན་རྒྱལ་སྤྱིའི་གྲུ་ཁའི་བབས་ཚུགས་སུ་འབྱོར་རྗེས་ལྕགས་ལམ་ཆེད་སྤྱོད་ལམ་ཐིག་བརྒྱུད་ཐད་ཀར་ཤིས་ཨན་ཁྲན་པཱ་རྒྱལ་སྤྱིའི་གྲུ་ཁའི་ཨའེ་ཅུས་ཞིང་ལས་ཐོན་རྫས་ཟོག་འགྲེམས་ལས་སྣོན་གླིང་དུ་བསྐྱོད་ཀྱི་ཡོད། དེས་ན་ཕྱི་རྒྱལ་གྱི་མཛོད་ཁང་ནས་བཏང་སྟེ་རྒྱལ་ནང་གི་མཛོད་ཁང་དུ་བསྡུ་ཉར་བྱེད་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་སྐྱེལ་འདྲེན་མངོན་འགྱུར་བྱུང་བས། དངོས་ཟོག་སྐྱེལ་འདྲེན་གྱི་ལས་ཕྱོད་ཆེ་རུ་ནུས་ལྡན་ཕྱིན་པ་དང་ཁེ་ལས་ཀྱི་སྐྱེལ་འདྲེན་མ་གནས་དམའ་རུ་ཕྱིན་ཡོད། འདི་ནི་ཟླ་1ཚེས་10ཉིན། ཀྲུང་ཡོའི་དུས་གཏན་མེ་འཁོར(ཤིས་ཨན)གྱི་ལོ་གསར་མཁོ་ཆས་ཀྱི་ཆེད་གཏོང་མེ་འཁོར་ཐོག་མ་ཤིས་ཨན་ཁྲན་པཱ་རྒྱལ་སྤྱིའི་གྲུ་ཁའི་ཨའེ་ཅུས་ཞིང་ལས་ཐོན་རྫས་ཟོག་འགྲེམས་ལས་སྣོན་གླིང་དུ་འབྱོར་བ་དེ་ཐོག་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར(ཤིས་ཨན)གྱི་ལོ་གསར་མཁོ་ཆས་ཀྱི་ཆེད་གཏོང་མེ་འཁོར་ཐོག་མ་ཤིས་ཨན་དུ་བདེ་བླག་ངང་འབྱོར་བ་མཚོན་གྱི་ཡོད།