དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།

    ​ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་ཕན་ཚུན་སྦྲེལ་མཐུད་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

  • ཡོང་ཁུངས།  མི་དམངསཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-14

    ཉེ་ཆར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་ཕན་ཚུན་སྦྲེལ་མཐུད་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ནས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་མཐའ་འཁྱོངས་ཀྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་བར་རམ་འདེགས་ཐུབ་རྒྱུ་རེད་ཅེས་བརྗོད།

    ཀུའོ་ཅ་ཁུན་གྱིས། ཉེ་བའི་དུས་མཚམས་ཤིག་རིང་། ཀྲུང་གོས་འབྲེལ་ཡོད་རྒྱལ་ཁབ་དང་མཉམ་དུ་ཕན་ཚུན་སྦྲེལ་མཐུད་མཉམ་ལས་བྱས་པར་གཏམ་བཟང་རྒྱུན་མི་ཆད་པར་ཐོན་ཞིང་། རིམ་རྩིས་བརྒྱབ་ན་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གཏོང་ཐེངས་ཁྲི་10ལས་བརྒལ་བ་དང་། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་དུ་དངོས་ཟོག་དབོར་ཚད་ཏུན་ཁྲི་5000ལས་བརྒལ་བ། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་དུས་གཏན་མེ་འཁོར་གྱི་ལོ་འཁོར་གཏོང་ཐེངས་ཁྲི་ལས་ཐོག་མར་བརྒལ་བ། ཀྲུང་ཡོའི་ལི་ཧའེ་རྒྱ་མཚོ་སྒྲོལ་བའི་ཐད་སྐྱོད་མྱུར་སྐྱེལ་ཤར་གཏོང་ཐུབ་པ། ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་དབར་གྱི་ལྕགས་ལམ་སྐྲུན་འགོ་ཚུགས་པ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་རྒྱལ་མཚམས་སྒྲོལ་བའི་ལྕགས་ལམ་དང་མ་ལེ་ཞི་ཡའི་ཤར་རྒྱ་མཚོའི་འགྲམ་གྱི་ལྕགས་ལམ་སོགས་གཙོ་གནད་རྣམ་གྲངས་ལ་འཕེལ་རྒྱས་གསར་པ་བྱུང་བ། “ཆན་ཁའེ་ནས་ཧྲང་ཧའེ་བར”གྱི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་སྐམ་མཚོའི་བགྲོད་ལམ་གསར་པ་ཕན་ཚུན་ཤར་གཏོང་ཐུབ་པ་བཅས་ལས། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་ཕན་ཚུན་སྦྲེལ་མཐུད་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་པ་མངོན་ཡོད་ཅེས་བརྗོད།

    ཀུའོ་ཅ་ཁུན་གྱིས། ཕན་ཚུན་སྦྲེལ་མཐུད་བྱེད་པ་ནི་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གྲོས་འགོའི་མཉམ་ལས་ཀྱི་ཁྱབ་ཁོངས་གལ་ཆེན་གྱི་གྲས་ཤིག་ཡིན་པས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས“ནུས་སྐྱེད་འཕེལ་རྒྱས”ཀྱི་འདུན་པ་དང་མཐུན་ཡོད། ཉིན་ཤས་གོང་། ཀྲུང་གོ་ཕྱོགས་ཀྱིས་བྱ་ཐབས་ཁག་15གསར་དུ་བཏོན་ནས་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྔར་བས་སྐུལ་འདེད་དང་རྒྱལ་སྤྱིའི་ཟོག་འགྲུལ་བགྲོད་ལམ་ཆེན་པོ་བསྐྲུན་རྒྱུར་མཉམ་ཤུགས་སྐུལ་འདེད་བཏང་ནས་སྐམ་མཚོའི་ཕྱི་ནང་མཉམ་འགུལ་དང་ཤར་ནུབ་ཕྱོགས་གཉིས་ཀར་ཕན་པའི་ཕྱོགས་ཡོངས་ཀྱི་སྒོ་དབྱེའི་རྣམ་པ་ཞིག་གང་མགྱོགས་ཆགས་པ་བྱ་རྒྱུ་ཡིན་ལུགས་བཏོན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།