ཀྲེ་ཅང་ཏེ་ཆིང་དུ་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་མངགས་ཐོ་མང་བ།
ཉེ་བའི་ལོ་ཤས་རིང་། ཀྲེ་ཅང་དབྱི་ལེ་བལ་འཁལ་འཐག་ཚད་ཡོད་ཀུང་སིས་ཐོན་རྫས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་། ཐོན་སྐྱེད་སྒྲིག་ཆས་རང་འགུལ་ཅན་ལ་རིམ་སྤོར་བྱེད་པ། “ཚད་གཞི་གཅིག་མཚུངས་དང་སྤུས་ཚད་གཅིག་མཚུངས”ཀྱི་སྤུས་ཚད་ཚད་གཞི་བཟོ་བ། ཐབས་ལམ་མང་པོའི་ཐོག་ནས་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་སྔར་བས་སྲ་བརྟན་དུ་བཏང་བ་རེད། མིག་སྔར་རི་པིན་དང་། ཧན་གོ ནེ་པ་ལ་སོགས་རྒྱལ་ཁབ་ཀྱི་མངགས་ཐོ་མགྱོགས་མྱུར་བཟོ་ཆེད། འཁོར་ཁང་གིས་འཆར་གཞི་གཞིར་བཟུང་ལས་མིར་ཐོན་སྐྱེད་བྱེད་དུ་བཅུག་ཡོད། 2025ལོའི་ཟླ་1ཚེས་10ཉིན། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཏེ་ཆིང་རྫོང་ཀྲུང་ཀོན་གྲོང་རྡལ་ནན་ཧྲེ་བཟོ་ལས་གླིང་གི་ཀྲེ་ཅང་དབྱི་ལེ་བལ་འཁལ་འཐག་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་བཟོ་པས་རི་པིན་དང་། ཧན་གོ ནེ་པ་ལ་སོགས་རྒྱལ་ཁབ་ཀྱི་མངགས་ཐོ་བཟོ་བཞིན་པ། ཝང་ཀྲེང་། མི་དམངས་མཐོང་ཚོར།