དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དེ་རིང་། ས་ཡོམ་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2025-01-13

    བོད་ལྗོངས་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུ་བའི་བྱེད་སྒོ་ཚེས་13ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ལ་གནོད་འཚེ་ཚབས་ཆེ་ཤོས་ཕོག་པའི་གྲམ་སོ་ཤང་དུ་འཚོགས་པ་རེད། རོགས་སྐྱོབ་ནང་ཞུགས་པའི་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔོན་དམག མེ་ཟོན་རོགས་སྐྱོབ་མི་སྣ། སྤྱི་བདེའི་མི་དམངས་ཉེན་རྟོག་པ། སྨན་དོན་མི་སྣ། གཞོན་ནུ་དང་བླངས་པ་དང་འབྲེལ་ཡོད་ཁེ་ལས་ཀྱི་ལས་མི་དང་། ལས་བྱེད་ལས་བཟོ། ཡོམ་ཁུལ་གྱི་མང་ཚོགས་ཀྱི་འཐུས་མི་བཅས་མི་བརྒྱ་གྲངས་ཀྱིས་ཞྭ་མོ་ཕུད་པ་དང་སྒམ་ནན་ངང་ལངས་ཏེ་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་རྣམས་ལ་ངག་བསྡམས་ནས་མྱ་ངན་སྐར་མ་གསུམ་ཞུས་པ་རེད།   





    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།