དེ་རིང་ཡོམ་ཁུལ་དུ་དྲོད་ཚད་དམའ་ཤོས་ -19℃ལ་སླེབས་རྒྱུ།
ཚེས་12ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་ལྟར་ན། དིང་རི་རྫོང་དང་དེའི་ཉེ་འཁོར་དུ་ཚེས་13ཉིན་སྤྲིན་པ་མང་པོ་འཁོར་བ་ནས་གནམ་དྭངས་རྒྱུ། ཉིན་གུང་ཡོལ་རྗེས་ལྷགས་པ་རིམ་པ་8ཙམ་རྒྱག་རྒྱུ་ཡིན་པ་རེད། མ་འོངས་པའི་ཉིན་གསུམ་ནང་། ཚེས་13ཉིན་དྲོད་ཚད་དམའ་ཤོས་ཡིན་པ་དང་དིང་རི་རྫོང་དུ་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་19ཟིན་རྒྱུ་དང་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ་3ཟིན་རྒྱུ། ལྷ་རྩེ་རྫོང་དང་དེའི་ཉེ་འཁོར་དུ་ཚེས13ཉིན་སྤྲིན་པ་མང་པོ་འཁོར་རྒྱུ། ཉིན་གུང་ཡོལ་རྗེས་ལྷགས་པ་རིམ་པ་7ཙམ་རྒྱག་རྒྱུ། མ་འོངས་པའི་ཉིན་གསུམ་ནང་། ཚེས་13ཉིན་དྲོད་ཚད་དམའ་ཤོས་ཡིན་པ་དང་ལྷ་རྩེ་རྫོང་དུ་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་13ཟིན་རྒྱུ་དང་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ་7ཟིན་རྒྱུ། མ་འོངས་པའི་ཆུ་ཚོད་24ཡི་རིང་། ལྷ་རྩེའི་གྲའུ་ཤང་དང་། མང་ཕུ་ཤང་། ལྷ་རྩེ་གྲོང་རྡལ་དུ་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་12ནས་9བར་ཟིན་རྒྱུ་དང་། དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ་3ནས་6བར་ཟིན་རྒྱུ། གཙོ་བོ་ལྷོ་ནུབ་ནས་ལྷགས་པ་རིམ་པ་2ནས་7བར་རྒྱག་རྒྱུ། ཕྱི་དྲོ་ལྷགས་ཤུགས་ཅུང་ཆེ་བ་དང་གྲང་ཟུག་ཆེ་བས། ལུས་པོས་ཚོར་བའི་དྲོད་ཚད་གནམ་གཤིས་ཀྱི་དྲོད་ཚད་ལས་ཧྲེ་ཧྲི་ཏུའུ་5ནས་8བར་དམའ་བ་དང་། དུས་མཚམས་གཞན་དག་ལ་གནམ་གཤིས་ཀྱི་དྲོད་ཚད་ལས་ཧྲེ་ཧྲི་ཏུའུ་3ནས་4བར་དམའ་བ་ཡོད།