དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-01-13

    ཚེས་10ཉིན། ཀྲུང་གུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱི་ཏང་འཛུགས་སྐྱོང་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་དང་ལག་བསྟར་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲའོ་ལེ་ཅི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་འདས་ཟིན་པའི་ལོ་གཅིག་རིང་ཕྱོགས་ཡོངས་ནས་ཏང་ནན་པོའི་སྐྱོང་བར་ཐོབ་པའི་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པར་ཁས་ལེན་གང་ལེགས་དང་། མིག་སྔའི་རུལ་རྒོལ་འཐབ་རྩོད་ཀྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ། ངེས་པར་དུ་སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོ་སྤྱད་དེ་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་བ། རུལ་རྒོལ་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་། རྒྱུན་མཐུད་དམག་འཐབ། སྤྱི་ཡོངས་ཀྱི་དམག་འཐབ་བཅས་མཐའ་གཅིག་ཏུ་ཡག་པོ་རྒྱག་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་ཡོད། གསུང་བཤད་དེ་གཟིགས་རྒྱང་རིང་བ་དང་། དགོངས་པ་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་མ་ཟད། ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། དམིགས་སའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོའང་ལྡན་པས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་ལག་བསྟར་གཏིང་ཟབ་ཀྱིས་དོན་འཁྱོལ་ལ་ཕན་འབྲས་ཐོན་པར་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་ཀྲུང་དབྱང་གིས་རུལ་རྒོལ་འཐབ་རྩོད་ཀྱི་དུས་བབ་ལ་དབྱེ་ཞིབ་དང་བཀོད་སྒྲིག་གལ་ཆེན་གནང་བར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ནན་པོ་ཆུད་པར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་སེམས་ལ་བརྟན་པོར་ངེས་པ། རུལ་རྒོལ་འཐབ་རྩོད་ཀྱི་གདེང་ཚོད་དང་ཆོད་སེམས་བརྟན་དུ་གཏོང་བ་བཅས་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་ལམ་སྲོལ་དང་བྱེད་ཐབས་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ཏན་ཏིག་བྱེད་དགོས། ཏང་གཤིས་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་བསམ་བློའི་གོ་རྟོགས་མཐོ་རུ་བཏང་ནས་ཆབ་སྲིད་བློ་སྦྱོང་བྱེད་རྒྱུ་དེ་ཏང་གཤིས་བློ་སྦྱོང་གི་ཨང་དང་པོར་བཞག་སྟེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ནས་ཏང་གཤིས་ཀྱི་གསོ་བཅུད་བསྡུ་ལེན་དང་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་སློབ་སྦྱོང་དང་། བརྩི་སྲུང་། ལག་བསྟར་བཅས་བྱ་རྒྱུ་དེ་ཏང་གཤིས་བློ་སྦྱོང་གི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་དགོས། ཏང་ཙུའུ་ཡི་བློ་མཐུན་ཚོས་རང་གཅུན་ནན་པོ་དང་རང་དཔེ་གཞན་སྟོན་གྱིས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་མཁས་ཅན་གྱི་ཚད་གཞིར་གཞིགས་ནས་རང་ཉིད་ལ་བླང་བྱ་ནན་པོ་འདོན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་ནན་པོ་སྲུང་བ། ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་སོགས་ཀྱི་ཐད་དཔེ་སྟོན་གྱི་ནུས་པ་བཏོན་ནས་གུང་ཁྲན་ཏང་མིའི་གཞུང་དྲང་སྤྱོད་གཙང་གི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་སྲུང་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་དང་ལས་ཁུངས་ཀྱི་ཏང་ཙུའུ་དང་ཡན་ལག་ཏང་ཙུའུ་ཡིས་འགན་འཁྲི་གསལ་རྟོགས་དང་། འགན་འཁྲི་ནན་འཁུར། འགན་འཁྲི་གཙང་སྒྲུབ་བཅས་བྱེད་པ་དང་། ཏང་ཙུའུ་ཡི་ཧྲུའུ་ཅིས་འགན་འཁུར་བ་དང་པོའི་འགན་འཁྲི་འཁུར་བ། ཏང་ཙུའུ་ཡི་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ཡག་པོ་བྱེད་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་དེ་ཚན་ཁག་ལ་དོ་དམ་ཡག་པོ་དང་། དཔུང་ཁག་གི་སྣེ་ཡག་པོ་ཁྲིད་པ། དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པ། དགོངས་གཞི་ནན་པོ་དང་། བྱེད་ཐབས་ནན་པོ། རྣམ་པ་ཟབ་མོ་བཅས་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས། རྒྱུན་བསྲིང་ལྷོད་མེད་ངང་སྒྲིག་ཁྲིམས་དང་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་གཏན་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བ། སྒྲིག་ཁྲིམས་སློབ་གསོ་ལས་བྱེད་པ་འཚར་ལོངས་ཀྱི་རྒྱུན་འཁོར་ཧྲིལ་པོར་ཁྱབ་པ་དང་རྩ་འཛུགས་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོར་འདྲེས་པར་བྱས་ཏེ་ཏང་གི་སྒྲིག་ཁྲིམས་ལག་བསྟར་ནན་པོ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་པོས་སྤྱོད་ཚུལ་ལེགས་སུ་གཏོང་བར་བརྟེན་ནས་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། དོ་དམ་དང་ལྟ་སྐུལ་ནན་པོ་དང་། འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པར་སྐུལ་ལྕག་བྱ་རྒྱུ་གཅིག་གྱུར་བྱས་ཏེ་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུར་ཁྲིད་སྟོན་གྱིས་སྒྲིག་བཀུར་ཁྲིམས་སྲུང་ཁྲོད་སྒྱུར་བཅོས་གསར་གཏོད་དང་ལས་སྒྲུབ་ལས་གཏོད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།