དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སྤྱི་བདེ་པུའུ་ཡིས་མཉམ་འབྲེལ་ཐོག

    2024ལོའི“གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་ཡག་ཤོས”ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-13

    དུས་རབས་གསར་པའི་སྤྱི་བདེའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གཞི་རིམ་གྱི་འཐབ་ས་དང་པོར་ཐོན་པའི་སྤྱི་བདེའི་སྔོན་ཐོན་དཔེ་མཚོན་འདེམས་གཏོད་དང་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། སྤྱི་ཚོགས་ཡོངས་ལ་བཟང་པོ་མཐོང་ན་མིག་ལྟོས་ཡར་འགྲན་དང་། དཔའ་བོར་བརྩི་བཀུར་ཞུ་བ། གདོང་ལེན་པ་བརྩོན་ལེན་བཅས་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་བ། དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་སྟོབས་ཤུགས་རྒྱ་ཁྱབ་ཏུ་གཅིག་སྡུད་བཅས་བྱ་ཆེད། ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་ལྔ་པ་སླེབས་མཚམས་སུ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སྤྱི་བདེ་པུའུ་ཡིས་སྤྱི་ཚོགས་ཡོངས་ལ་2024ལོའི“གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས་པ་རེད།

    ལིའུ་ཅན་ཤིན་དང་། ཀྲུའུ་ཤིན་ཆི། ཀྲོའུ་ཡིའུ་ཅང་། ཀྲང་ཝེ་ཕིང་། ཀྲུའུ་ཡོན། ཝང་ཙི་ཧོ། ཁྲེན་ལེང་ཧྲུན། ཚའེ་ཝུན་ཅུན། ལོའུ་རེན་པིན། ཧྲེན་ཀང་། སུན་ཅན་ཧའོ། ཧན་ཙུའོ་ཅུན། ཆིའུ་ཅན་ཅུན། ཀྲའོ་ཅན། ཧོ་ཧྲེང་། ཀྲང་ཡའོ་ཡོན། ཧུའུ་ཞང་ཡུས། བློ་བཟང་ཆོས་གྲགས། ཧྲི་ལི་ཧའེ། ཁྲེན་ཁྲང་སོགས་བློ་མཐུན་20གཟི་བརྗིད་ལྡན་པའི་ངང་བདམས་ཐོན་བྱུང་ཞིང་། ཁོང་ཚོས་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་། ལྷག་བསམ་རྣམ་དག་གིས་འགན་འཁྲི་ཁུར་བ། བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ“མི་དམངས་སྤྱི་བདེས་མི་དམངས་ལ་ཞབས་འདེགས་ཞུ་བའི”དམིགས་ཡུལ་ལག་ལེན་བསྟར་ཞིང་། འགའ་ཞིག་གིས་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་མི་དམངས་ལ་སྲུང་སྐྱོང་བྱེད་པའི་འགག་རྩའི་སྐབས་སུ་དཔའ་ངར་ཞུམ་མེད་ཀྱིས་མདུན་དུ་ཤོར་བ་དང་གདོང་མཆོང་བྱས་པ། ཁག་གཅིག་གིས་དུས་ཡུན་རིང་པོར་སྐད་གྲགས་མེད་པར་དཔའ་བོ་བྱས་ཏེ་མི་སེར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་མདུན་ཕྱོགས་སུ་འབད་འཐབ་བྱས་པ། ཁག་གཅིག་གིས་ཚན་རྩལ་གྱི་བྱ་ཐབས་སྤྱད་དེ་དངོས་འཐབ་ནུས་པ་འདོན་པར་འཚོལ་ཞིབ་ཧུར་ཐག་བྱས་ཏེ་སྤྱི་བདེ་ལས་ཁུངས་ཀྱི་འཐབ་འཛིང་ནུས་ཤུགས་གསར་མར་བརྟེན་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་སྐྱིད་སྣང་ཆེ་རུ་གཏོང་རོགས་བྱས་པ། ཁག་གཅིག་གིས་ཡུན་རིང་གངས་ལྗོངས་ས་མཐོ་དང་མཚོ་གླིང་གི་མཐའ་མཚམས་བརྟན་སྲུང་བྱས་ཏེ། ལང་ཚོ་དང་རྔུལ་ཆུར་བརྟེན་ནས་ལྷག་བསམ་རྣམ་དག་དང་འགན་འཁྲི་སྒྲུབ་སེམས་མཚོན་པར་བྱས་པ་སོགས། ཁོང་ཚོའི་སྔོན་ཐོན་བྱས་རྗེས་ལས་དུས་རབས་གསར་པའི་སྤྱི་བདེ་དཔུང་ཁག་གི་བསམ་པའི་ཉམས་འགྱུར་བཟང་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོ་གཅིག་སྡུད་ཐོག་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།