ནུབ་རྒྱུད་ཚན་རིག་གྲོང་དུ་སྟོབས་ཤུགས“གསར་པ”འདུས་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
འདི་ནི་2024ལོའི་ཟླ་10ཚེས་23ཉིན་པར་བརྒྱབ་པའི་ནུབ་རྒྱུད(ཁྲེང་ཏུའུ)ཚན་རིག་གྲོང་ཡིན་པ།
འདི་ནི་2024ལོའི་ཟླ་11ཚེས་27ཉིན་ནུབ་རྒྱུད(ཁྲུང་ཆིང)ཚན་རིག་གྲོང་གི་གསོ་སྤེལ་ཁང་དུ་ཞིབ་འཇུག་མི་སྣས་ཉ་རིགས་གསར་པ་ལུའོ་ཧྥེ་ཡུས་ཉའི་སྐྱེ་འཚར་གནས་ཚུལ་ལ་ལྟ་བཞིན་པ།
འདས་ཟིན་པའི་ལོ་ལྔའི་ནང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་གནས་གཉིས་ཀྱིས་མཉམ་ལས་ཟབ་ཏུ་གཏོང་བ་དང་། ནུབ་རྒྱུད་ཚན་རིག་གྲོང་འཛུགས་སྐྲུན་མགྱོགས་པོ་བྱེད་པ། མ་དངུལ་རོགས་སྐྱོར་དང་། ཤེས་ལྡན་པའི་སྤེལ་རེས། ཚན་རྩལ་ཐོན་ཁུངས་མཉམ་སྤྱོད་སོགས་ཕྱོགས་མང་པོའི་ཐད་མཉམ་ལས་གཏིང་ཟབ་བྱས་ཏེ་ཚན་རྩལ་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་ས་གནས་གཉིས་དབར་གཅིག་སྡུད་མགྱོགས་མྱུར་བྱས་ནས་རྒྱལ་ཡོངས་ཀྱི་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་གཏོད་ལྟེ་གནས་ཧུར་ཐག་བསྐྲུན་ཡོད། ས་གནས་གཉིས་ཀྱིས་ཐུན་མོང་ཐོག་ཆུ་ཚད་མཐོ་བའི་ཚན་ཞིབ་ལས་སྟེགས་དང་གསར་གཏོད་གཞི་རྟེན་རབ་དང་རིམ་པ་བཙུགས་པ་དང་། བསྐྲུན་ཟིན་པའི་རྒྱལ་ཁབ་ཀྱི་ཚན་རིག་ཆེན་པོའི་སྒྲིག་ཆས་དང་རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་གྲངས་འབོར་ཁག་སོ་སོར་11དང་30ཟིན་ཡོད་པ་རེད།