པེ་ཅིང་གི་རྒན་གསོ་ལྟེ་གནས་བརྒྱ་ཡིས་རྒན་རྒོན་ཁྲི་ཚོར་ཕན་པ་བཏགས་པ།
2024ལོར། པེ་ཅིང་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས“སྲིད་གཞུང་གིས་རིན་མེད་ངང་སྒྲིག་བཀོད་མཁོ་འདོན་བྱས་ཏེ་བར་མཐོངས་ཞབས་ཞུར་བརྗེ་བའི”བསམ་ཕྱོགས་ལ་གཞིགས་ནས་ས་ཁོངས་ཀྱི་རྒན་གསོའི་ཞབས་ཞུ་ལྟེ་གནས་100བསྐྲུན་ཡོད། ས་ཁོངས་ཀྱི་རྒན་གསོའི་ཞབས་ཞུ་ལྟེ་གནས་ལ་སྨན་བཅོས་དང་། བཟའ་བཏུང་ཞབས་ཞུ། ལུས་གསོ། རོལ་རྩེད་སོགས་འཚོ་བའི་ཞབས་ཞུའི་བྱེད་ནུས་སྣ་ཚོགས་ལྡན་པ་མ་ཟད། ཞབས་ཞུ་དེ་དག་རྒན་གསོའི་ཞབས་ཞུ་ས་ཚིགས་476ལ་ཁྱབ་པར་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་རྒན་རྒོན་ཁྲི་155ལ་ཕན་པ་བཏགས་ཏེ། རྒན་རྒོན་ཚོར་ཐག་ཉེ་ས་ནས་སྟབས་བདེ་བའི་ཀུན་ཕན་གྱི་རྒན་གསོའི་ཞབས་ཞུ་བསྒྲུབས་ཡོད། འདི་ནི་རྒན་རྒོན་ཚོས་ཁྲའོ་དབྱང་ཆུས་ལའེ་ཀོང་ཡིང་ཧྥུའུ་ཧྲོའུ་ཡོན་རྒན་གསོའི་ལྟ་རྟོག་ལྟེ་གནས་སུ་ཡིག་གཟུགས་སྦྱོང་བཞིན་པ།