གེགས་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས།
མང་ཚོགས་ཀྱི་སྣེ་ཁྲིད་དེ་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་བྱས་པ།
ཟླ་1ཚེས་7ཉིན་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས། ཡོམ་འགོག་གེགས་སེལ་གྱི་འགག་རྩའི་དུས་སུ་གེགས་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་དང་གཞིས་རྩེ་གྲོང་ཨུད་ཀྱི་བླང་བྱ་གཞིར་བཟུང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ནུས་ཤུགས་ཡོད་རྒུས་གནོད་འཚེའི་གནས་ཚུལ་གྲལ་བཤེར་དང་། སེམས་གསོ་གཏོང་བ། གེཌ་འགོག་རང་སྐྱོབ། གནས་སྤོ་བཀོད་སྒྲིག་སོགས་ཀྱི་ལས་དོན་སྤེལ་ཏེ། གེགས་ཁུལ་གྱི་འཐབ་ས་དང་པོར་དམངས་སེམས་གཅིག་མཐུན་དང་དུས་ངལ་མཉམ་སེལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།
དིང་རི་རྫོང་གྲམ་སོ་ཤང་གཡུ་སྤེ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་ཨོ་རྒྱན་གྱིས་ས་ཡོམ་བརྒྱབ་རྗེས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་སྒྲིག་འཛུགས་བྱས་ནས་མང་ཚོཌ་ཁ་འགྲེམ་གནས་སྤོ་བྱས་པས་གྲོང་ཚོ་ཡོངས་ཀྱི་དུད་ཚང་28ཀྱི་མི་164ཚང་མར་ཤི་རྨས་བྱུང་མེད་པ་རེད། དིང་རི་རྫོང་མཚོ་སྒང་ཤང་ཡེ་བྱང་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་དང་པོ་བཀྲ་ཤིས་དོན་གྲུབ་ཀྱིས་ས་ཡོམ་བརྒྱབ་རྗེས་མང་ཚོཌ་ལ་སེམས་གསོ་ཧུར་ཐག་བཏང་བ་མ་ཟད། ས་ཡོམ་བརྒྱབ་རྗེས་དོ་སྣང་བྱེད་དགོས་པའི་གནད་འགག་དྲིལ་བསྒྲཌ་བྱས་ཏེ་ཡོམ་འཕྲོའི་སྐབས་སུ་འགོག་སྲུང་ལེགས་པོ་དང་ཞོར་ཐོན་གནོད་འཚེ་མ་ཐོན་སྔོན་འགོག་ནུས་ལྡན་བྱས་ནས་གནོད་འཚེ་ལས་བྱུང་བའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་ཡོད།
དིང་རི་རྫོང་ཆུ་ལྷོ་ཤང་རིང་བསྐོར་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་ཤང་འཕྲོད་བསྟེན་ཁང་དང་འབྲེལ་གཏུག་ཧུར་ཐག་བྱས་ནས། གནས་སྐབས་ཀྱི་སྨན་བཅོས་ས་ཚིགས་བཙུགས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཟུགས་པོར་བརྟག་དཔྱད་དང་སྨན་བཅོས་བྱས་པ་དང་། དིང་རི་རྫོང་གྲམ་སོ་ཤང་དགའ་ལྡན་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་དང་པོ་ཝུའུ་ཆི་ཞུན་གྱིས་རང་འགུལ་ངང་འཐུང་ཆུ་དང་། སྟབས་བདེའི་འབྲས་ཚལ། སྟབས་བདེའི་ཐུག་པ། སྲིང་བལ་གྱི་གྱོན་གོས་དང་ཉལ་ཆས་སོགས་གེགས་སེལ་དངོས་ཟོག་མཐུན་སྦྱོར་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོཌ་ཀྱི་འཚོ་བར་འགན་ལེན་བྱས་པ། དིང་རི་རྫོང་གྲམ་སོ་ཤང་དཀར་པོ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་བདེ་འཇགས་ངང་གནས་སྤོ་བྱས་རྗེས། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་སྒྲིག་འཛུགས་བྱས་ནས་ཁྱིམ་ཚང་རེ་རེ་བཞིན་སྡོད་ཁང་དང་ཕྱུགས་རིཌ་སོཌ་ཀྱི་གནོད་འཚེའི་གནས་ཚུལ་ལ་བརྟག་དཔྱད་བྱས་ནས་མང་ཚོགས་ལ་ཁྱིམ་གཞིས་བསྐྱར་སྐྲུན་གྱི་གདེང་ཚོད་ཆེ་རུ་གཏོང་རོགས་བྱས་པ་དང་དུས་མཚུངས། ཏང་ཡོན་སྒྲིག་འཛུགས་བྱས་ནས་རྒན་རྒོན་དང་། བྱིས་པ། རྨས་མ་བཅས་ལ་ཆེད་མངཌ་ལྟ་སྐྱོང་དང་ཞབས་འདེགས་ཞུས་པ་རེད།