གདེང་ཚོད་དང་ཆོད་སེམས་བརྟན་དུ་བཏང་ནས་ཡོམ་འགོག་གེགས་སེལ་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས།
—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱིས་ཡོམ་འགོག་གེགས་སེལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཧུར་ཐག་ལེན་པའི་རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཧུར་སེམས་ལ་སྐུལ་ལྕག་ཐེབས་པ།
ཟླ་1ཚེས་7ཉིན་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དིང་རི་རྫོང་གི་ས་ཡོམ་གྱི་གནོད་འཚེ་བྱུང་ཚུལ་ལ་ཚད་མཐོའི་དོ་ཁུར་དང་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁྲལ་གནང་ནས་འཕྲལ་མ་ཉིད་དུ་མཛུབ་སྟོན་གལ་ཆེན་གནང་བ་དང་། ཟླ་1ཚེས་9ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་བོད་ལྗོངས་དིང་རིའི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། མཐའ་མཚམས་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་བ། གེགས་ཁུལ་གྱི་མི་དམངས་ལ་ཐུགས་ཁུར་བྱམས་སྐྱོང་གནང་བ་བཅས་ལས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་པ་དང་ང་ཚོས་ནུས་ཤུཌ་ཡོད་རྒུས་ཡོམ་འགོག་གེགས་སེལ་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་སོང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
ད་ཆ་ཡོམ་འགོག་གེགས་སེལ་ལས་དོན་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་དབྱང་ཅུན་ལིན་གྱིས“ང་ཚོས་མི་དམངས་ལྟེ་བར་འཛིན་པའི་ལས་ཀའི་འདུ་ཤེས་བརྟན་པོར་བཙུཌ་ཏེ་འཕྲལ་སྡོམ་དོ་དམ་སོགས་སྡེ་ཚན་དང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། འབྲེལ་ཡོད་སྤྱི་ཚོགས་ཀྱི་རོགས་སྐྱོབ་སྲིད་ཇུས་དང་གནོད་འཚེ་ཕོག་པའི་མི་སྣའི་རོགས་སྐྱོབ་སྲིད་ཇུས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། རོགས་སྐྱོབ་སྲིད་ཇུས་དང་བྱེད་ཐབས་ཁག་སྤྱོད་པར་སྤྱི་འདོམས་བྱེད་པ། ཆ་རྐྱེན་དང་མཐུན་པའི་གནོད་འཚེ་ཕོག་པའི་མང་ཚོགས་དུས་ཐོག་ཏུ་རོགས་སྐྱོབ་འགན་སྲུང་ཁྱབ་ཁོངས་ནང་བཅུག་ནས་འཕྲལ་སྡོམ་རོགས་སྐྱོབ་དང་། བར་བརྒལ་བཀོད་སྒྲིག གེགས་རྗེས་སླར་གསོ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་མཐུན་སྦྱོར་ངང་སྤེལ་རྒྱུ་ཡིན”ཞེས་བཤད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ས་ཡོམ་བརྒྱབ་རྗེས་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་དམངས་སྲིད་ཁྱབ་ཁོངས་ཀྱི་གནོད་འཚེ་ཕོག་པའི་གནས་ཚུལ་འཕྲལ་དུ་ཞིབ་བཤེར་དང་རོགས་སྐྱོབ་སྲིད་ཇུས་དོན་འཁྱོལ་བྱ་རྒྱུའི་བཀོད་སྒྲིག་བྱས་པ་དང་འབྲེལ། སྤྱི་ཚོགས་ཀྱི་སྟོབས་ཤུགས་གོ་རིམ་ལྡན་པའི་སྒོ་ནས་ཡོམ་འགོག་གེགས་སེལ་སོགས་ཀྱི་ལས་དོན་ནང་ཞུགས་རྒྱུར་སྐུལ་སློང་དང་ཁྲིད་སྟོན་བྱས་ཏེ། གནོད་འཚེ་ཕོག་ནས་དཀའ་ངལ་འཕྲད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཏན་ཏིག་བྱས་པ་རེད། གོམ་སྟབས་རྗེས་མར་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ལ་མུ་མཐུད་གྲལ་བཤེར་བྱས་ཏེ་སྤྱི་ཚོགས་རོགས་སྐྱོབ་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཤར་གཏོང་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་དགོས་མཁོ་དུས་ཐོག་དང་རང་འགུལ་ངང་ཤེས་རྟོགས། གནས་སྐབས་ཀྱི་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གནོད་འཚེ་ཕོག་ནས་དཀའ་ངལ་འཕྲད་པའི་མང་ཚོགས་ཀྱི་ཐ་སྐྱོང་འགན་ལེན་ནུས་པ་ཆེ་རུ་རྒྱུན་ཆད་མེད་པར་གཏོང་རྒྱུ་རེད།
མིག་སྔར་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས། སྤུན་ཟླའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་བཟོ་ཚོགས་དང་། དེ་བཞིན་ཀྲུང་གོའི་ལས་བཟོའི་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་ཀྲུང་གོའི་ལས་བཟོའི་འགན་བཅོལ་རོགས་རེས་ལྷན་ཚོགས་སོགས་རྩ་འཛུགས་ཀྱིས་མ་དངུལ་གྲབས་གསོག་ཧུར་ཐག་བྱས་ནས་གེགས་ཁུལ་ལ་རོགས་སྐྱོར་བྱས་ཏེ་གེགས་སེལ་དངོས་ཟོག་རིམ་བཞིན་གནོད་འཚེ་ཕོག་ཁུལ་དུ་སྐྱེལ་བཞིན་ཡོད་པ་རེད། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སྤེན་པས། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་རིམ་ཁག་བཟོ་ཚོགས་དང་རྒྱ་ཆེའི་ལས་བཟོ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་ཡོམ་འགོག་གེགས་སེལ་ལས་དོན་ཏན་ཏིག་སྒྲུབ་པ་དང་། འགན་ནུས་དང་འགན་འཁྲི་གཞིར་བཟུང་ལས་བཟོ་མང་ཚོགས་ཀྱི་དགོས་མཁོར་ལན་ཧུར་ཐག་འདེབས་པ། འཚམས་འདྲི་དང་། དྲིལ་བསྒྲགས་ཁྲིད་སྟོན། ཁེ་དབང་ལ་སྲུང་སྐྱོང་ཞབས་ཞུ་སོགས་སེམས་ཁུར་བྱེད་སྒོ་དུས་ཐོག་ཏུ་སྤེལ་ནས་གནོད་འཚེ་ཕོག་པའི་ལས་བཟོ་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་སྔ་ཙམ་སླར་གསོ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
དིང་རི་རྫོང་གྲམ་སོ་ཤང་ཟིང་དཀར་གྲོང་ཚོར་གཞིས་རྩེའི་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་དམིགས་བསལ་ལས་སྒྲུབ་ས་ཚིགས་ཀྱི་ཀྲེན་ཀྲང་གཞོན་པ་ཝང་ཆང་གིས། ཉིན་མོ་མང་ཚོགས་ལ་གུར་རྒྱག་རོགས་བྱེད་པ་མ་ཟད། དགོང་མོར་ད་དུང་དུས་ངེས་མེད་བཀོད་སྒྲིག་བྱ་ཡུལ་དུ་མེ་ཟོན་དང་གློག་སྤྱོད་བདེ་འཇགས་ལ་སྐོར་གཡེང་རྒྱག་གི་ཡོད། ཁོང་གིས་གསར་འགོད་པར“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་། གོ་བ་ལེན་པ། ལག་བསྟར་དང་དོན་འཁྱོལ་བཅས་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་འབད་འབུངས་བྱེད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ལ་ལྷག་བསམ་རྣམ་དག་དང་། སྒྲིག་ཁྲིམས་ནན་སྲུང་། རང་སྲོག་བློས་གཏོང་། དམངས་ལ་བློ་དཀར་སེམས་དཀར་བཅས་ཀྱི་བསླབ་ཚིག་གི་དགོངས་དོན་ལག་ལེན་བསྟར་ནས་གེགས་ཁུལ་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་གང་མགྱོགས་སླར་གསོ་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས”ཞེས་བཤད་པ་རེད།
ཟླ་1ཚེས་9ཉིན། དིང་རི་རྫོང་མཚོ་སྒང་ཤང་ཡེ་བྱང་གྲོང་ཚོའི་མང་ཚོགས་ལ་སྲིད་གཞུང་གིས་སྤྲད་པའི་ལྕགས་ཐབ་འབྱོར་ཞིང་། ཁྱིམ་ཚང་ཚང་མར་རྡོ་སོལ་དང་། འབུད་ཤིང་། ལྕི་བ་བཅས་ཡོད་པ་རེད། གྲོང་མི་བྱམས་པས“ས་ཡོམ་བརྒྱབ་པའི་དགོང་མོ་དེ་རང་དུ་ང་ཚོ་གུར་ནང་སྤོས་པ་ཡིན་ལ། ཉལ་ཆས་དང་ལྭ་རིང་ཡང་དགོང་མོ་དེ་གར་སྤྲད་བྱུང་བས་འཁྱགས་དོགས་ཀྱི་སེམས་ཁྲལ་གཏན་ནས་མི་འདུག” “རོགས་སྐྱོབ་མི་སྣས་བཤད་པ་ལྟར་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་ཐུགས་ཁྲལ་ཆེན་པོ་གནང་གི་ཡོད་པས། ང་རང་དངོས་གནས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ད་ཐེངས་ཀྱི་རོགས་སྐྱོབ་ཧ་ཅང་མགྱོགས་མྱུར་དང་དུས་ཐོག་ཡིན་ཁར་དངོས་ཟོག་འདང་ངེས་སྤྲད་བྱུང་བས་ཏང་དང་སྲིད་གཞུང་གིས་ང་ཚོ་ཐུགས་ལ་བཞག་པར་བཀའ་དྲིན་ཆེན་པོ་ཚོར་གྱི་འདུག་པ་མ་ཟད། ང་ཚོས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་ཧུར་ཐག་བྱེད་དགོས”ཞེས་འབྱུང་འགྱུར་ལ་རེ་བས་ཁེངས་བཞིན་བཤད་པ་རེད།