དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས“འདེམས་བྱང་རྣམ་པའི”ཁྲིམས་ལུགས་ཁྱབ་གདལ་བཏང་བས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-12

    2024ལོར་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ལས་དོན་གྱིས་ཆུ་ཚད་དེ་བས་མཐོ་བའི་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ། དམངས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་མ་ལག་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་གཏོང་བ་དང་། སྤྱི་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་མཐོ་རུ་རྒྱུན་མཐུད་གཏོང་བ། ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གཞི་རིམ་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏོང་བར་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་ཁྲིམས་འཛིན་ཐིང་གིས་དམངས་ཡོངས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱུ་དམངས་འཚོའི་འདུ་འགོད་ཅིག་ལ་བརྩིས་ནས་ཚོགས་སྤྱི་མི་འདྲ་བའི་ཁྲིམས་སྦྱོང་ཁྲིམས་སྤྱོད་ཀྱི་དགོས་མཁོར་གཞིགས་ནས“ཁྲིམས་ལུགས་ཁྱབ་གདལ་གྱི་འདེམས་བྱང”གནད་ལ་འཁེལ་པོས་གཏན་འཁེལ་བྱེད་པ་དང་། རིམ་པ་དང་རིགས་དབྱེ་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་བ། དམངས་ཡོངས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་མང་ཚོགས་ལམ་ཕྱོགས་སུ་ཕྱོགས་ཡོངས་ནས་ཡག་པོ་སྐྱོད་པ་བཅས་བྱས་ཏེ། ཁྲིམས་སྐྱོང་གི་སྙིང་སྟོབས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱས་ཡོད།

    2024ལོར་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་བྱེད་ཐབས་རབ་དང་རིམ་པ་འཐུས་སྒོ་ཚང་དུ་བཏང་སྟེ། ལོ་ཧྲིལ་པོའི་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི“ལམ་ཐིག་རི་མོ”འཆར་འགོད་བྱས་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་2024ལོ་འཁོར་གྱི་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ལས་དོན་གཙོ་གནད》བཟོས་ནས་བཀྲམ་པ། 《ཞིང་ཆེན་ཡོངས་སུ“ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ཇུས་གཞི》བཟོས་པ། 《ཁྲིམས་ལུགས་ཁྱབ་གདལ་བཏང་ནས་རྨང་གཞི་བརྟན་གཏོང་དང་སྤུས་ཚད་མཐོར་གཏོང་གི“བྱ་སྤྱོད་ཆེན་པོ་དྲུག”གི་ལག་བསྟར་ཇུས་གཞི》བཟོས་པ་རེད།

    མིག་སྔར། ཞིང་ཆེན་ཡོངས་ཀྱི་ས་ཁུལ་ཁག་ཏུ་ཁྲིམས་སྐྱོང་རིག་གནས་ཀྱི་གཡུལ་ས་ཁག་19བསྐྲུན་པ་དང་། “ཁྲིམས་ལུགས་ཁྱབ་གདལ་དང་མངོན་མིན་རིག་གནས་ཤུལ་བཞག་ཟུང་དུ་འབྲེལ་བའི”བྱ་ཐབས་བརྒྱུད། ཁྲིམས་སྐྱོང་འཚེམ་དྲུབ་སོགས་རིག་རྩལ་བརྩམས་ཆོས་དང་རིག་གནས་གསར་གཏོད་ཐོན་རྫས་མང་དག་ཅིག་སྔོག་འདོན་གཏིང་ཟབ་བྱས་པ་མ་ཟད། ཕུལ་བྱུང་བརྩམས་ཆོས་ཁག་གཅིག་བརྙན་ཡོལ་ཐོག་བཏོན་པ་དང་སྨྱན་སྦྱོར་ཐོག་སྤེལ་བས། “ཕ་ཡུལ་གྱི་བྲོ་བ”ལྡན་པ་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཁྲིམས་སྐྱོང་རིག་གནས་བརྩམས་ཆོས་རབ་དང་རིམ་པ་ཐོན་ཡོད་པ་རེད།

    “ང་ཚོས་ཕྱོགས་ཡོངས་ནས‘ཁྲིམས་ལུགས་ཀྱི་དོན་རྟོགས་པ’འདེམས་པ་དང་། གསོ་སྐྱོང་། དོ་དམ། བེད་སྤྱོད་བཅས་ཀྱི་ཕྲེང་སྦྲེལ་ཧྲིལ་པོའི་གསོ་སྐྱོང་མ་ལག་འཛུགས་པ་དང་། རིགས་དང་ཁྱབ་ཁོངས་དབྱེ་ནས་གྲོང་གསེབ་དང་། བུད་མེད། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་བཅས་སུ‘ཁྲིམས་ལུགས་ཀྱི་དོན་རྟོགས་པ’རིགས་གསུམ་འཛུགས་པ་དང་ཆབས་ཅིག ‘མཚོ་སྔོན་གྱི་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི’འཕྲིན་ཕྲན་སྤྱི་སྟེགས་ཨང་རྟགས་ལས་སྟེགས་གཙོ་བོར་བྱེད་པ་དང་། གཞུང་ཕྱོགས་དྲ་བ་དང་། བརྙན་ལམ་ཨང་རྟགས། དཔོད་ཕྲན། ཁྱུག་དབྱིངས། འགོ་རྩོམ་ཨང་རྟགས་སོགས་སྨྱན་སྦྱོར་གསར་པའི་ལས་སྟེགས་ཁྱབ་འགྱེད་དུ་བྱས་ཏེ། ཕྱོགས་ཡོངས་དང་། རིམ་པ་མང་བ། ཕྱོགས་བསྡུས་ཅན་བཅས་ཀྱི་སྒོ་ནས‘དྲ་ཐོག་ཏུ་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི’གཡུལ་ས་བསྐྲུན་པས། དྲ་རྒྱའི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་དང་དྲ་རྒྱའི་ཤེས་དཔལ་བྱང་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད”ཅེས་ཞིང་ཆེན་ཁྲིམས་འཛིན་ཐིང་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ཁྲུའི་འགན་འཁུར་བས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།