དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་ནགས་ཚལ་མེ་ཟོན་གྱི“བདེ་འཇགས་དྲ་བ”ཧུར་ཐག་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-12

    ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས“སྔོན་འགོག”སྔོན་དུ་འཇོག་པ་དང་སྔོན་འགོག་དང་རོགས་སྐྱོབ་ཟུང་འབྲེལ་བྱས་ཏེ། འཕྲལ་སྡོམ་དང་། ནགས་ལས། སྤྱི་བདེ་སོགས་མཐུན་སྦྱོར་མཉམ་འགུལ་གྱི་ལས་ཀའི་མ་ལག་ཆགས་པ་དང་། བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་ནགས་ཚལ་མེ་སྐྱོན་ཕྱོགས་བསྡུས་འགོག་བཅོས་ནུས་པ་བརྟན་དུ་རྒྱུན་མཐུད་བཏང་ཞིང་། མིག་སྔའི་བར། ལྷོ་ཁ་གྲོང་ཁྱེར་དུ་ལོ་9བསྟུད་མར་ནགས་ཚལ་མེ་སྐྱོན་ཐོན་མེད།

    བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་རིམ་ཁག་ཚན་པ་ཁག་དང་ནགས་ཚལ་མེ་ཟོན་གྱི་འགན་འཁྲིའི་ཡི་གེ་བཞག་ནས་འགན་འཁྲི་མི་དང་ས་ཆར་དོན་འཁྱོལ་བྱས་ནས་འགན་འཁྲི་ཁ་གསལ་ཡོང་བར་འགན་ལེན་བྱས་ཡོད། དྲ་མིག་བཟོ་བ་དང་འགན་འཁྲི་ཞིབ་ཚགས་སུ་བཏང་བ་བརྒྱུད། ནགས་ཚལ་མེ་ཟོན་ལས་དོན་ལ་ཁུག་ཆ་མ་ལུས་པའི་འགན་ལེན་བྱས་པ་མ་ཟད། ཤང་དང་གྲོང་རྡལ(ཁྲོམ་གཞུང)རིམ་པའི་ནགས་དཔོན་གྱིས་གྲོང་ཚོ(ཚོགས་ཆུང)འགན་གཙང་ལེན་པ་དང་། གྲོང་ཚོ(སྡེ་ཁུལ)རིམ་པའི་ནགས་དཔོན་གྱིས་ཚོགས་ཆུང་འགན་གཙང་ལེན་པ། དེ་བཞིན་དྲ་མིག་ནགས་སྲུང་བས་རི་རྩེ་དང་ས་ཚིགས་འགན་གཙང་ལེན་པ་བཅས་བྱས་ནས་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་ཡོངས་སུ་ཁྱབ་པ་བྱས་ཡོད།

    གསར་འགོད་པས་ཤེས་རྟོགས་བྱས་པར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་དུས་བཀག་ལྟར་དངོས་འཐབ་ནང་སྦྱོང་བྱས་པ་བརྒྱུད། ལས་དོན་པའི་ནགས་ཚལ་མེ་ཟོན་ལས་སྒོའི་འཇོན་ཐང་དང་རྩ་འཛུགས་ཀྱི་བཀོད་འདོམས་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་བཏང་བ་མ་ཟད། ནང་སྦྱོང་ཁྲོད་ནས་གནད་དོན་ཤེས་རྟོགས་དང་ཐག་གཅོད་རྒྱུན་ཆད་མེད་པར་བྱས་ཏེ། ལམ་སྲོལ་མཐུན་སྦྱོར་དང་། སྟོབས་ཤུགས་འཛུགས་པ། དགོས་ངེས་སྒྲིག་ཆས་ཕན་ཚུན་སྙོམས་སྒྲིག ཕྱོགས་གཅིག་ཏུ་ཤུགས་རྒྱག་པ་བཅས་བྱས་ནས་འགག་རྩའི་དུས་སུ་དཔུང་ཁག་དོན་ཐུབ་པ་དང་། མཆོང་ཐུབ་པ། རྣམ་པར་རྒྱལ་ཐུབ་པ་བཅས་ལ་འགན་ལེན་བྱས་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2024ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་རིམ་ཁག་མེ་ཟོན་མེ་གསོད་ལས་དོན་པར་གསོ་སྦྱོང་ཐེངས་12བྱས་པ་དང་མི་ཐེངས་1200ལྷག་ཙམ་མེ་ཟོན་མེ་གསོད་གསོ་སྦྱོང་ནང་ཞུགས་པ་དང་། ནང་སྦྱོང་ཁྱོན་ཐེངས་8བྱས་པར་ནང་སྦྱོང་ནང་ཞུགས་མཁན་མི་གྲངས་3000ལྷག་ཙམ་ཟིན་ཡོད་པ་རེད།

    བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ས་ཁུལ་དང་གྲོང་ཁྱེར)ཁག་གི་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་རིགས་གཅིག་མཁས་ཅན་གདན་དྲངས་ནས་སློབ་ཁྲིད་བྱེད་པ་དང་ས་གནས་ས་ཐོག་ཏུ་ནང་སྦྱོང་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་འབྲེལ་ཡོད་མི་སྣར་ནགས་ཚལ་མེ་སྐྱོན་གྱི་འབྱུང་རྐྱེན་དང་གནོད་འཚེ་དང་། ནགས་ཚལ་མེ་ཟོན་གྱི་ཁྲིམས་སྲོལ་དང་སྲིད་ཇུས། མེ་སྐྱོན་སྔོན་འགོག་དང་ལྟ་ཞིབ་ཚད་ལེན། མེ་གསོད་རྩལ་ནུས། བདེ་འཇགས་འགོག་སྲུང་སོགས་ཐད་བརྒྱུད་རིམ་ལྡན་པའི་རྩལ་ནུས་གསོ་སྦྱོང་བྱས་པ་མ་ཟད། ད་དུང་ས་གནས་དེ་གའི་མང་ཚོགས་དང་། ནགས་སྲུང་པ། དང་བླངས་པ་བཅས་ཀྱི་ཁྲོད་ནས་འཚམ་པའི་མི་སྣ་བདམས་ཏེ་སྦྱོང་བརྡར་ནན་པོ་བྱས་རྗེས་ཕྱེད་ཆེད་ལས་ཅན་གྱི་མེ་ཟོན་དཔུང་ཁག་བཙུགས་ནས་ཚན་རིག་དང་མཐུན་པའི་དོ་དམ་ལམ་ལུགས་ལ་བརྟེན་ནས་དཔུང་ཁག་གི་བརྟན་ལྷིང་རང་བཞིན་དང་ཆེད་ལས་རང་བཞིན་ལ་འགན་ལེན་བྱས་པ་དང་། མ་དངུལ་གྲབས་གསོག་ཧུར་ཐག་བྱས་ནས་མེ་ཟོན་སྒྲིག་ཆས་དང་དངོས་ཟོག་ཉོས་ཏེ་ནགས་ཚལ་མེ་ཟོན་ལས་དོན་ལ་དངོས་པོའི་འགན་ལེན་ཧུར་ཐག་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།