དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་སའི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱིས་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཉོ་སྒྲུབ་ཀྱི་སྒོ་ཁྲལ་མེད་པའི་ནང་འདྲེན་ལས་སྒོ་དངོས་སུ་གཉེར་བ།

    སྒོ་ཕྱེ་བའི་ཉིན་དེར་རིམ་རྩིས་བརྒྱབ་ན་བསྡོམས་སྒོར་ཁྲི་9ཙམ་རི་བའི་ཚོང་ཟོག་བཙོངས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-12

    ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2025ལོའི་གནམ་ལོ་གསར་ཚེས་སུ་ལྷ་ས་ཐེན་ཧའེ་རྒྱལ་སྤྱིའི་ཚོང་ར་དང་། གྲོང་བྱང་གནམ་ས་གསར་པ། གྲོང་ཤར་དབན་ཏ་ཐང་ཆེན་སོགས་ལྷ་སའི་འཁྲུག་ཆ་དོད་པའི་ཚོང་ར་ཁག་ལྔ་རུ་བཙུགས་པའི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཚོང་ཟོག་འགྲེམས་སྟོན་ལྟེ་གནས་དངོས་སུ་སྒོ་ཕྱེ་ཞིང་། སྒོ་ཕྱེ་བའི་ཉིན་དེར་ཚོང་ར་ཁག་ལྔས་བསྡོམས་སྒོར་ཁྲི་9ཙམ་རི་བའི་ཚོང་ཟོག་བཙོངས་ཡོད།

    རྒྱལ་སྒྲོལ་ཚོང་ཟོག་འགྲེམས་སྟོན་ལྟེ་གནས་ནི་ལྷ་སའི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་རེད། ཕན་འབྲས་ཡག་ཤོས་འགན་ལེན་བྱ་ཆེད། 2024ལོའི་ཟླ་11ཚེས་30ཉིན། ལྷ་ས་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱི་ཁོངས་གཏོགས་ལྷ་ས་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཀུང་སིས་ཚོང་ར་ཁག་5ལ་ཚོད་ལྟའི་ཚོང་གཉེར་བྱས་ནས། དྲ་ཐོག་ཉོ་སྒྲུབ་སྒོ་ཁྲལ་མེད་པའི་ནང་འདྲེན་ལས་སྒོ་དངོས་སུ་གཉེར་བར་དྲིལ་བསྒྲགས་དང་གྲ་སྒྲིག་བྱས་པ་རེད། 2024ལོའི་ཟླ་12ཚེས་27ཉིན། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་དྲ་ཐོག་ཉོ་སྒྲུབ་ཀྱི་སྒོ་ཁྲལ་མེད་པའི་ནང་འདྲེན་དངོས་ཟོག་ཁག་དང་པོ་ལྷ་ས་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་དུ་ནང་འདྲེན་བདེ་བླག་བྱས་པ་དང་ཆབས་ཅིག ལྷ་ས་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་དུ་སྒོ་ཁྲལ་མེད་པའི་ནང་འདྲེན་ལས་སྒོའི་རྣམ་པ་གསར་པ་དངོས་སུ་གཉེར་འགོ་ཚུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།