དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བར་སྨྱན་སྦྱོར་གྱི་སྟོབས་ཤུགས་སྐྱེས་སུ་ཕུལ།
སྨྱན་སྦྱོར་གྱིས“ཀྲུང་ཕྱི་སྦྲེལ་མཐུད་དང་འཛམ་གླིང་ཀུན་སྦྲེལ”གྱི་འགན་འཁྲི་འཁུར་ཡོད་ལ། དེ་ནི་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་ལྟ་བུ་ཡིན། ཀྲུང་ཕྱིའི་སྨྱན་སྦྱོར་གྱིས་མཉམ་འབྲེལ་བཅར་འདྲི་ཧུར་ཐག་བྱས་པ་ནས་རང་འགུལ་ངང་ཕྱོགས་མང་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་བསྐྲུན་པ་དང་། འཚམས་འདྲི་སློབ་སྦྱོང་གི་བྱེད་སྒོ་ཕུན་སུམ་ཚོགས་པོ་སྒྲིག་འཛུགས་བྱས་པའི་བར་2024ལོར་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་ཀྲུང་ཕྱིའི་སྨྱན་སྦྱོར་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། རྣམ་པ་སྣ་ཚོགས་བརྒྱུད་རྒྱལ་ཁབ་ཁག་གི་མི་དམངས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་དང་། ཕན་ཚུན་ཤེས་རྟོགས་དང་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་ཞིང་། ཆ་འཕྲིན་བརྒྱུད་སྤེལ་ལ་སྐུལ་འདེད་གཏོང་བ་དང་། བསམ་ཤེས་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྒྲིལ་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།