ཨན་ཧུའེ་ཝུའུ་ཧུའུ་རུ་རླངས་འཁོར་ཕྱིར་གཏོང་བྱེད་པར་བྲེལ་བ།
2025ལོའི་ཟླ་1ཚེས་8ཉིན། ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲུ་ཁའི་འཁོར་འཇུག་སྐྱེལ་འདྲེན་ཡན་ལག་ཀུང་སིའི་གྲུ་ཁར་བཟོ་པས་ཆི་རུའེ་རླངས་འཁོར་འཁོར་འཇུག་ཟོག་འདྲེན་གྲུ་གཟིངས་ཐོག་བརྒྱུད་འདྲེན་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་ཝུའུ་ཧུའུ་གྲོང་ཁྱེར་གྱིས་ཚོང་གཉེར་ཁོར་ཡུག་ཡག་པོ་བཏོད་པ་དང་ཚན་རྩལ་འགག་སྒྲོལ་སོགས་ཀྱི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་སུ་བཏང་བ་དང་རླངས་འཁོར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། འདི་ནི་2025ལོའི་ཟླ་1ཚེས་8ཉིན། ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲུ་ཁའི་ཀྲུའུ་ཅ་ཆའོ་གྲུ་ཁར་གྲལ་སྟར་བསྒྲིགས་པའི་ཆི་རུའེ་རླངས་འཁོར་སོགས་ཕྱི་རྒྱལ་དུ་ཕྱིར་གཏོང་བྱེད་རྩིས་བྱེད་བཞིན་པ།