དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཧྥ་ཀྲུང་གི་ཚན་རྩལ་དང་སློབ་གསོའི་སྤེལ་རེས་མཉམ་ལས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  དབྱིན་ཞའོ་ཡུས།   |     སྤེལ་དུས།  2025-01-11

    “ནན་ཅིང་དུ་ལས་ཀ་བྱས་པའི་ལོ་འདི་དག་ནང་ངའི་ཉིན་རེའི་འཚོ་བ་ནི་སྤྲོ་སྣང་གིས་ཁེངས་པ་ཞིག་ཡིན་ལ་ཤེས་བྱ་གསར་པའང་མང་པོ་ཤེས་བྱུང”ཞེས་ནན་ཅིང་བཟོ་ལས་སློབ་ཆེན་གྱི་དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ་བ་ཧའོ་རུའེ་ཏེས་རང་ཉིད་ཀྱིས་ཀྲུང་གོར་ལས་ཀ་བྱས་པ་དང་འཚོ་བ་བསྐྱལ་བའི་མྱོང་ཚོར་ལ་གདེང་འཇོག་འདི་ལྟར་བྱེད་ཀྱི་ཡོད།

    ཧའོ་རུའེ་ཏེ་ཧྥ་རན་སེ་ནས་ཡིན་པ་དང་། དེ་སྔོན་ཧྥ་རན་སེ་རྒྱལ་ཁབ་ཁེ་ལས་ཀྱི་ལག་རྩལ་གསར་གཏོད་བྱ་དགའ་ཐེངས་གཉིས་ཐོབ་མྱོང་བ་མ་ཟད། ད་དུང་དབྱི་ཐ་ལིའི་ལག་རྩལ་ཞིབ་འཇུག་ཁང་གི་མཐོ་རིམ་ཚན་རིག་མཁས་ཅན་ཞིག་ཀྱང་རེད། ཁོང་གོ་ལ་ཧྲིལ་པོའི་གསར་འབྱེད་རང་བཞིན་གྱི་རྣམ་གྲངས་མང་པོ་ཞིག་ལ་ཞུགས་མྱོང་བ་མ་ཟད། 1996ལོ་དང་1997ལོའི་གླིང་ཆེན་དབར་གྱི་འཕྲུལ་མིའི་ཚོད་ལྟ་ཐེངས་དང་པོའི་འགན་འཁུར་བའང་བྱས་ཡོད།

    2008ལོར་ཧའོ་རུའེ་ཏེ་ཅང་སུའུ་ནན་ཅིང་དུ་རྒྱལ་སྤྱིའི་རིག་གཞུང་ཚོགས་འདུ་ཞིག་ལ་ཞུགས་པ་དང་དུས་དེ་ནས་བཟུང་ནན་ཅིང་དང་ལས་འབྲེལ་ཟབ་མོ་བྱུང་། “ཁོར་ཡུག་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཐད་ནན་ཅིང་ལ་རྨང་གཞི་བརྟན་པོ་ཡོད། ངའི་ངོས་ནས་བརྗོད་ན་ནན་ཅིང་རང་ཉིད་ཀྱི་ཕ་ཡུལ་དང་ཁྱད་མེད”ཅེས་ཁོང་གིས་བཤད། 2014ལོར་ཧའོ་རུའེ་ཏེས་ནན་ཅིང་དུ་གཞིས་ཆགས་རྒྱུའི་ཐག་བཅད་རྗེས་ནན་ཅིང་བཟོ་ལས་སློབ་ཆེན་གྱི་དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ་བ་ཞིག་ཏུ་གྱུར་ནས། འཕྲུལ་མིའི་ལག་རྩལ་དང་མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་སུ་མུ་མཐུད་ཞིབ་འཇུག་དང་ལག་ལེན་བྱས་དང་བྱེད་མུས་རེད།

    རྒྱུན་ལྡན་གྱི་སློབ་ཁྲིད་ཕུད་ཧའོ་རུའེ་ཏེས་ད་དུང་རྒྱལ་སྤྱིའི་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། འབད་བརྩོན་བྱས་པ་བརྒྱུད། ཁོང་གིས་ནན་ཅིང་བཟོ་ལས་སློབ་ཆེན་དང་ཧྥ་རན་སིའི་པོ་ཀེན་ཏི་སློབ་ཆེན་གཉིས་ཀྱིས་རྒྱལ་སྤྱིའི་མཉམ་འབྲེལ་རབ་འབྱམས་པའི་སློབ་ཚན་གྱི་རྣམ་གྲངས་དང་པོ་མཉམ་དུ་གཉེར་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་སློབ་མའི་སློབ་སྐོར་དང་ཟབ་སྦྱོང་ལ་སྐུལ་འདེད་བཏང་བ་རེད།

    ཧའོ་རུའེ་ཏེས་ད་དུང་རྒྱལ་སྤྱིའི་ཚོགས་འདུ་ཁག་གཅིག་ཀྲུང་གོར་འཚོག་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། ཅང་སུའུ་ཞིང་ཆེན་འཕེལ་རྒྱས་འགྲོ་རྒྱུར་གོ་ལ་ཧྲིལ་པོའི་ཇུས་འདོན་ཚོགས་པའི་རྒྱབ་སྐྱོར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།