དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་བཏུང་ཇ་གསར་པར་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-01-11

    བཏུང་ཇ་གསར་པར་རྒྱ་ཆེའི་ཀྲུང་གོའི་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ནས་འཐུང་མཁན་ཇེ་མང་དུ་ཕྱིན་ཡོད། འདས་ཟིན་པའི་ལོ་བཅུ་གྲངས་རིང་ཀྲུང་གོའི་ན་གཞོན་ཚོའི་འཛད་སྤྱོད་ཀྱི་གོམས་གཤིས་ལ་འགྱུར་ལྡོག་བྱུང་བ་དེས་ས་གནས་ཁག་ཏུ་བཏུང་ཇ་ཁང་གསར་པ་མང་པོ་ཐོན་རྒྱུར་སྐུལ་མ་ཐེབས་ཡོད། འོ་མ་དང་། ཤིང་ཏོག ཕིང་རིལ་བཅས་མཉམ་དུ་བསྲེས་པའི་བཏུང་ཇ་གསར་པ་ཐོན་པ་ལས་ལོ་རྒྱུས་ཡུན་རིང་ལྡན་པའི་བཏུང་ཇའི་རྣམ་པ་གསར་པ་མངོན་ཡོད།

    དགའ་འོས་པ་ཞིག་ལ་ཀྲུང་གོར་བཏུང་ཇ་གསར་པ་དེ“ཀོག་ཧྥེ་འཐུང་རྒྱུ་དར་སོ་ཆེ་བ”དང་མཉམ་དུ་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཡོད། ལས་རིགས་ཤིག་གི་ཞིབ་འཇུག་བྱས་འབྲས་ལས་མངོན་པར། 2016ལོར་ཀྲུང་གོ་བས་ལོ་ལྟར་མི་རེས་ཆ་སྙོམས་ཀོག་ཧྥེ་ཕོར་པ་9འཐུང་བ་དང་། 2023ལོར་སླེབས་སྐབས་ཀོག་ཧྥེ་ཕོར་པ་16.7བར་མང་དུ་སོང་ཞིང་། བཏུང་ཇ་འཕེལ་རྒྱས་ཀྱི་མྱུར་ཚད་དེ་ཀོག་ཧྥེ་བཏུང་ཚད་དང་འདྲ་པོ་ཡོད།

    བློ་འདྲི་ཀུང་སི་ཞིག་གི་སྙན་ཞུ་ལས་མངོན་པར། 2024ལོར། ཀྲུང་གོའི“བཏུང་ཇ་གསར་པའི”ཁྲོམ་རའི་གཞི་ཁྱོན་མི་དམངས་ཤོག་སྒོར་དུང་ཕྱུར་3547ཙམ་ཟིན་ཡོད། སྨི་ཞུའེ་པིང་ཁྲེང་དང་ཞིས་ཁྲ་སོགས་བཏུང་ཇའི་མུ་འབྲེལ་སྤུས་རྟགས་བཏུང་ཇ་ཁང་ཨེ་ཤེ་ཡ་ཤར་ལྷོ་དང་། ཡོ་རོབ། མེ་གླིང་བཅས་ཀྱི་ཁྲོམ་རར་ཡང་ཁྱབ་ཡོད་པས། འབྱུང་འགྱུར་ཀྲུང་གོའི་བཏུང་ཇ་གསར་པ་དེ་རྒྱལ་སྤྱིའི་ཁྲོམ་རར་འཕེལ་རྒྱས་གསར་པ་ཡོང་བའི་རེ་བ་ཡོད།

    —— ཨའེ་ཧྥེ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།