དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • པར་འདི་དག་རྫུན་མ་རེད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2025-01-10

    2025ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ཙམ་ལ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་གྱི་ཡོད།

    མིག་སྔར། ཉེན་སེལ་རོགས་སྐྱོབ་ཀྱི་ལས་དོན་ཁག་མགྱོགས་མྱུར་སྤེལ་བཞིན་ཡོད་ཅིང་། གེགས་ཁུལ་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། མང་ཚོགས་ཉེན་གཡོལ་བཀོད་སྒྲིག གཏོར་སྐྱོན་ཕོག་པའི་སྒྲིག་བཀོད་ཉམས་གསོ་སོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད།

    རང་སྨྱན་སྦྱོར་ཁག་གཅིག་གིས་གཞན་གྱིས་དོ་སྣང་དང་ལྟ་མཁན་མང་པོ་ཡོང་བ་སོགས་བྱ་ཆེད། དྲ་རྒྱའི་ཐོག་གི་པར་རྙིང་པ་དང་AIརིག་ནུས་ལག་རྩལ་སོགས་སྤྱད་དེ། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་གྱི་གནས་ཚུལ་དངོས་མིན་པའི་པར་རིས་དང་། དེ་བཞིན་སྒྲ་དང་བརྙན་སོགས་མཉམ་དུ་བསྲེས་ནས་བསྐུར་ཏེ་གོ་འཛོལ་བཟོ་གི་འདུག་ཅེས་དྲ་དམངས་ཀྱིས་ཐེར་འདོན་བྱས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།