དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་གྱིས་མཐོ་ས་ནས་སྐུལ་འདེད་དང་། འགན་འཁྲི་ནན་གཏོང་། མཐུན་སྒྲིལ་རོཌ་ལས་བཅས་བྱས་ནས།

    རྨོ་ཞིང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་འབྲུ་རིགས་བདེ་འཇགས་ཡོང་བར་འགན་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-10

    འདི་ནི་རྫ་ཡུལ་རྫོང་མགོ་ཡུལ་ཤང་གི་དགུན་གྲོའི་ཡུག་སྦྲེལ་ཞིང་ཁ་ཡིན་པ།

    འདི་ནི་ཉིང་ཁྲི་གྲོང་ཁྱེར་གྱི་མང་ཚོགས་ཀྱིས་ཞིང་ཁ་འདེབས་བཞིན་པ།

    རྨོ་ཞིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབས་ནས་རྨོ་ཞིང“ཞིང་ལས་ལ་མི་སྤྱོད་པའི”གནས་ཚུལ་ལ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། རྨོ་ཞིང་དུ“འབྲུ་རིགས་མི་འདེབས་པའི”གནས་ཚུལ་ལ་སྔོན་འགོག་བྱེད་པ། རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་དང་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་བཅས་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྨོ་ཞིང་སྲུང་སྐྱོང་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། རྨོ་ཞིང་དང་གཏན་འཇགས་ཀྱི་གཞི་རྩའི་ས་ཞིང་སླར་གསོ་བཅོས་སྒྲིག་ལ་དམིགས་ཏེ་ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེའི་ལས་དོན་སྔོན་ལ་ཡག་པོ་སྤེལ་བར་རྨོ་ཞིང་གི་མཐའ་ཚད་ཡག་པོ་དང་བརྟན་པོ་བསྲུངས་ཡོད།

    མཐོ་ས་ནས་སྐུལ་འདེད་བཏང་སྟེ་རྨོ་ཞིང“སྲུང་སྐྱོང་དྲ་བ”བརྟན་དུ་བཏང་བ།

    ཉིང་ཁྲི་གྲོང་ཁྱེར་གྱིས་རྨོ་ཞིང་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་ངོ་མས་བཀོད་སྒྲིག རྫོང(ཆུས་དང་གྲོང་ཁྱེར)ཁག་གིས་རང་འགུལ་ངང་ལས་དོན་སྒྲུབ་པ། འབྲེལ་ཡོད་ཚན་པ་དང་འགན་ནུས་སྡེ་ཚན་ཁག་གིས་སྔ་རྗེས་སུ་རུ་སྣེ་ཁྲིད་དེ་གཞི་རིམ་དང་ཞིང་ནང་དང་མུ་ཁར་ཐེངས་མང་སྐྱོད་པ། རྒྱལ་ཁབ་ས་ཆ་བརྟག་དཔྱད་ཀྱི་APPསྤྲིན་སྟེགས་ཀྱི་ནུས་པ་གང་ལེགས་འདོན་པ། རྒྱལ་ཁབ་ཀྱིས་གཤམ་ལ་སྤྲད་པའི་གནད་དོན་གྱི་ས་བཅད་དཔེ་རིས་ལ་ལེབ་བཤེར་རྣམ་པའི་གྲལ་བཤེར་དང་ཁུག་ཆ་མི་ལུས་པར་གྲལ་བཤེར་བཅས་བྱས་ཏེ། ས་ཆ་དང་ཡུག་ཁུལ་གཅིག་ཀྱང་མ་ལུས་པར་བྱས་ཡོད། རྨོ་ཞིང་གི་ས་བཅད་དཔེ་རིས་ཀྱི་རིགས་དང་། རྒྱ་ཁྱོན། ཁྱབ་ཚུལ། ད་ཡོད་གནས་ཚུལ་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ་གཞི་གྲངས་དང་གནས་ཚུལ་ཁ་གསལ་ཡོང་བར་བྱས་ཡོད།

    “དྲ་ཐོག”ནས་སྐད་འཕྲིན་སྤྱི་རྟགས་དང་། བརྙན་སྟེགས་ཨང་རྟགས། སྐད་འཕྲིན་ཚོགས་པ་སོགས་ལ་བརྟེན་ནས་ཚན་རིག་ཁྱབ་གདལ་སློབ་གསོའི་ནང་དོན་ཁྱབ་བསྒྲགས་བྱས་ཏེ། བསམ་བློའི་ངོས་འཛིན་སྔར་བས་ཟབ་ཏུ་བཏང་ནས་རྨོ་ཞིང་སྲུང་སྐྱོང་ལས་དོན་གྱི་གལ་འགངས་ཤིན་ཏུ་ཆེ་བའི་རང་བཞིན་ཁ་གསལ་བཟོས་ཡོད། “དྲ་ཕྱིར”དུད་ཚང་དུ་བསྐྱོད་ནས་བཅར་འདྲི་བྱེད་པ་དང་། “ས་གནས་ས་ཐོག་གི་དྲིལ་བསྒྲགས་ཚོགས་འདུ”དང“ཞིང་ནང་ཚོགས་འདུ”སོགས་ཀྱི་བྱེད་ཐབས་གང་ལེགས་སྤྱད་དེ། འབྲུ་རིགས་བདེ་འཇགས་དང་། གཏན་འཇགས་གཞི་རྩའི་ས་ཞིང་སྲུང་སྐྱོང་། གྲོང་གསེབ་ཀྱི་ས་སྤྱོད་བཅའ་ཁྲིམས་དང་ཁྲིམས་སྲོལ། འབྲེལ་ཡོད་སྲིད་ཇུས་བཅས་ཁྱོན་ཡོངས་ནས་དྲིལ་བསྒྲགས་བྱས་ཏེ། མང་ཚོགས་ལ་རྨོ་ཞིང་སྲུང་སྐྱོང་གི་འདུ་ཤེས་འཇགས་པ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ས་ཆ་སྤྱོད་པའི་འདུ་ཤེས་ཟབ་ཏུ་གཏོང་བ། ཞིང་པ་མང་ཚོགས་རྨོ་ཞིང་སྲུང་སྐྱོང་གི་བྱ་སྤྱོད་ནང་ཧུར་ཐག་ཞུགས་པར་ལྕག་སྐུལ་བཅས་ལ་ཁྲིད་སྟོན་བྱས་ཡོད།

    འགན་འཁྲི་ནན་དུ་བཏང་ནས“འགན་འཁྲིའི་ས་ཞིང”ཡག་པོ་བསྲུངས་པ།

    རྨོ་ཞིང་སྲུང་སྐྱོང་ཡག་པོ་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་གྱི་གོང་འོག་ཚང་མས་དག་ཐེར་གྱི་བླང་བྱ་དང་དུས་ཚོད་ལ་ནན་པོར་གཞིགས་ནས་ཆ་རྐྱེན་མི་འདོན་པ་དང་དཀའ་ངལ་ལ་མི་སྐྲག་པར་སྤྱོད་དུ་རུང་བའི་ཐོན་ཁུངས་དང་མི་ཤུགས་ཡོད་ཚད་སྤྱད་དེ་རྨོ་ཞིང་སྲུང་སྐྱོང་གི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས། ཐབས་བརྒྱ་ཇུས་སྟོང་གིས་རྨོ་ཞིང་སླར་གསོ་ཐུབ་པར་བྱས་ཡོད། ཞིབ་ཕྲའི་བཅོས་སྒྲིག་ལས་འགན་དང་། ལས་ཀའི་འཕེལ་རིམ་གནས་ཚུལ། གནད་དོན་དང་དཀའ་ངལ་སོགས་ལ་དམིགས་ནས་རྣམ་གྲངས་རེ་རེ་བཞིན་ལ་ཞིབ་འཇུག་དབྱེ་ཞིབ་དང་། གནས་ཚུལ་སྣ་ཚོགས་ལ་དམིགས་ཏེ་རིགས་དབྱེ་ནས་བཅོས་སྒྲིག་གི་ཐག་གཅོད་ཇུས་གཞི་བཟོས་ཏེ། རྨོ་ཞིང་ཤོར་བའི་ས་བཅད་དཔེ་རིས་བཅོས་སྒྲིག་གི་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པར་སྤེལ་ནས། རྒྱལ་ཁབ་ཀྱིས་གཤམ་ལ་སྤྲད་པའི་གནད་དོན་ཡོད་པའི་ས་བཅད་དཔེ་རིས་ཀྱི་བཅོས་སྒྲིག་ལས་འགན་ལེགས་གྲུབ་བྱུང་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱི་2023ལོའི་ལོ་འཁོར་གྱི་རྒྱལ་ཁབ་ས་ཆ་འགྱུར་ལྡོག་གི་བརྟག་དཔྱད་གྲུབ་འབྲས་ལས་མངོན་པར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་གྱིས་འཆར་འགོད་རྩ་གནད་ནང་གཤམ་བསྒྲགས་བྱས་པའི་རྨོ་ཞིང་མུའུ་ཁྲི་55.9795དང་གཏན་འཇགས་གཞི་རྩའི་ས་ཞིང་མུའུ་ཁྲི་43.9532ཀྱི་སྲུང་སྐྱོང་ལས་འགན་ལེགས་སྒྲུབ་བྱས་ཏེ་རྨོ་ཞིང་མུའུ་2613སླར་གསོ་ཐུབ་ནས་རྨོ་ཞིང་སྲུང་སྐྱོང་གི་རྨང་གཞི་བརྟན་དུ་ནུས་ལྡན་ཕྱིན་ཡོད།

    མཐུན་སྒྲིལ་རོཌ་ལས་བྱས་ནས་བཅོས་སྒྲིག་མགྱོགས་སུ་བཏང་བ།

    གནད་དོན་སྣ་ཚོགས་ལ་དམིགས་ཏེ་འཕེལ་སྒྱུར། ཞིང་ལས་དང་གྲོང་གསེབ། འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་བེད། ནགས་རྩྭ་སོགས་སྡེ་ཚན་སྒྲིག་འཛུགས་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། སྤྱི་འདོམས་འཆར་འགོད་དང་། བཀོད་སྒྲིག་ཞིབ་ཚགས། བྱ་སྤྱོད་མགྱོགས་མྱུར་སྤེལ་བ་བཅས་བྱས་ནས། “དམར་ཐིག་སྲུང་བའི”འདུ་ཤེས་དང“བྱ་སྤྱོད་དངོས་སྤེལ་བའི”རྣམ་འགྱུར་ལ་བརྟེན་ནས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཡོད།

    2018ནས་2023ལོ་བར། ཉིང་ཁྲི་གྲོང་ཁྱེར་གྱི་ས་ཞིང་སྲུང་སྐར་པར་རིས་ཀྱིས་ཁྲིམས་འགལ་ངང་རྨོ་ཞིང་བཟུང་བའི་དཔེ་རིས་237(རྨོ་ཞིང་རྒྱ་ཁྱོན་མུའུ་622.5དང་གཏན་འཇགས་ཀྱི་གཞི་རྩའི་ས་ཞིང་མུའུ་113.19ཚུད་པ)ཡོད་པའི་ནང་། རྨོ་ཞིང་227(རྨོ་ཞིང་རྒྱ་ཁྱོན་མུའུ་605.08དང་གཏན་འཇགས་ཀྱི་གཞི་རྩའི་ས་ཞིང་མུའུ་110.65ཚུད་པ)བཅོས་སྒྲིག་བྱས་ནས། གནད་དོན་ངོ་གྲངས་དག་ཐེར་བྱེད་ཚད་95.78%དང་རྨོ་ཞིང་རྒྱ་ཁྱོན་དག་ཐེར་བྱེད་ཚད་97.20%ཟིན་ཡོད་པ་རེད།

    2018ནས་2023ལོ་བར། ཉིང་ཁྲི་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཀྱི་འཆར་ཅན་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དེ་རྨོ་ཞིང་གནད་དོན་གྱི་དཔེ་རིས་37(རྨོ་ཞིང་རྒྱ་ཁྱོན་མུའུ་1378.27དང་གཏན་འཇགས་ཀྱི་གཞི་རྩའི་ས་ཞིང་མུའུ་568.52ཚུད་པ)དང་འབྲེལ་བ་ཡོད་པ་དང་དེ་དག་ཚང་མ་བཅོས་སྒྲིག་ཟིན་ནས་གནད་དོན་ངོ་གྲངས་དང་རྨོ་ཞིང་རྒྱ་ཁྱོན་བཅོས་སྒྲིག་བྱེད་ཚད་ཚང་མ་100%ཟིན་ཡོད།

    2020ལོའི་ཟླ་7ཚེས་3ཉིན་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་དུ་གྲོང་གསེབ་ཀྱིས་རྨོ་ཞིང་གང་བྱུང་དུ་བཟུང་ནས་སྡོད་ཁང་བརྒྱབ་པའི་གནད་དོན་གསར་པ་ཁག་22(རྨོ་ཞིང་རྒྱ་ཁྱོན་མུའུ་43.14དང་གཏན་འཇགས་གཞི་རྩའི་ས་ཞིང་མུའུ་14.64ཚུད་པ)ནང་ཁག་20(རྨོ་ཞིང་རྒྱ་ཁྱོན་མུའུ་39.81དང་གཏན་འཇགས་གཞི་རྩའི་ས་ཞིང་མུའུ་14.49ཚུད་པ)བཅོས་སྒྲིག་ཟིན་ནས་གནད་དོན་ངོ་གྲངས་དག་ཐེར་བྱེད་ཚད་90.91%དང་རྨོ་ཞིང་རྒྱ་ཁྱོན་དག་ཐེར་བྱེད་ཚད་92.28%ཟིན་ཡོད།

    མིག་སྔའི་བར། ཉིང་ཁྲི་གྲོང་ཁྱེར་གྱི་ཁྲིམས་འགལ་ངང་ས་ཆ་སྤྱོད་པའི་གནད་དོན་སྣ་ཚོགས་བཅོས་སྒྲིག་བྱེད་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་དང་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་ནུས་ཕྱོད་གཉིས་ལྡན་གྱིས་བསྲུངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།