དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་མཁར་སེ་མོ་གྲོང་ཚོས།

    ཁྱིམ་གྱི་སྒོ་རྩ་ནས་བུད་མེད་རྣམས་ལས་གཏོད་ལས་ཞུགས་ཐུབ་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-10

    ལོ་བཅུའི་རིང་མཉམ་ལས་ཁང་དེར་དམིགས་བསལ་མཚན་སྙན་མང་པོ་ཐོབ་པ་སྟེ། སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“ས་མཐོའི་ནུས་ལྡན་མཁར་སེ་མོ་གྲོང་ཚོའི་ལག་ཤེས་བཟོ་རྩལ་ཁང”གི་མཚན་སྙན་སྤྲད་པ།

    2024ལོའི་ལོ་འཁོར་གྱི་ཉིང་ཁྲི་གྲོང་ཁྱེར་གྱི“ཡིག་ཚགས་རིག་གནས་བསམ་བཀོད། ལོ་རྒྱུས་རི་མོའི་ཉིང་ཁྲི”ཞེས་པའི་འགྲན་བསྡུར་ཆེན་པོར་མཉམ་ལས་ཁང་གི་ཐོན་རྫས་ལ་བྱ་དགའ་རིམ་པ་གཉིས་པ་ཐོབ་ཡོད།

     ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་མཁར་སེ་མོ་གྲོང་ཚོར་སྣམ་བུའི་སྲོལ་རྒྱུན་ལག་ཤེས་བུད་མེད་མཉམ་ལས་ཁང་ཞིག་ཡོད་པ་དང་། ད་བར་ལོ་བཅུ་ཙམ་སོང་ཡོད། ལོ་བཅུའི་རིང་མཉམ་ལས་ཁང་དེར་དམིགས་བསལ་མཚན་སྙན་མང་པོ་ཐོབ་པ་སྟེ། སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“ས་མཐོའི་ནུས་ལྡན་མཁར་སེ་མོ་གྲོང་ཚོའི་ལག་ཤེས་བཟོ་རྩལ་ཁང”གི་མཚན་སྙན་སྤྲད་པ་མ་ཟད། ད་དུང་བྲག་ཡིབ་ཆུས་ཀྱིས“བུད་མེད་ཀྱི་སྲོལ་རྒྱུན་སྣམ་བུ་ལས་སྣོན་དང་ཁྲིད་སྦྱོང་རྟེན་གཞིའི”སྒོ་བྱང་ཡང་བཀལ་བ་རེད།

    2014ལོར་ཕྱིར་མིག་བལྟས་ཚེ། སྐབས་དེ་དུས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དང་བུད་མེད་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་འཁུར་མཁན་བསམ་སྐྱིད་མཚོ་མོས་བུད་མེད་26སྣེ་ཁྲིད་སྒྲིག་འཛུགས་བྱས་ནས་མཉམ་ལས་ཁང་དེ་བཙུགས་པ་དང་འབྲེལ། རང་ཁྱིམ་གྱི་ས་ཆ་སྨི་ངོས་གྲུ་200ལྷག་ཙམ་སྒེར་སེམས་མེད་པར་ཞལ་འདེབས་བརྒྱབ་ནས་སྣམ་བུ་ལས་སྣོན་ཁང་བསྐྲུན། མཉམ་ལས་ཁང་གི་སྣམ་བུ་འཐག་པའི་ལག་རྩལ་ཡར་རྒྱས་ཆེན་པོ་བྱུང་ནས་ཐོན་རྫས་ཀྱང་རྒྱུན་མཁོའི་གྱོན་ཆས་ནས་བཟོ་བཀོད་ལེགས་པའི་རིག་གནས་བསམ་བཀོད་ཐོན་རྫས་དང་དར་སྲོལ་ལག་ཁུག་སོགས་སུ་རྒྱུན་ཆད་མེད་པར་རྒྱ་སྐྱེད་ཕྱིན་པས། སྣམ་བུའི་ལག་ཤེས་ཐོན་རྫས་ཀྱི་སྐད་གྲགས་ཇེ་ཆེར་ཕྱིན་ཡོད། 2024ལོའི་ལོ་འཁོར་གྱི་ཉིང་ཁྲི་གྲོང་ཁྱེར་གྱི“ཡིག་ཚགས་རིག་གནས་བསམ་བཀོད། ལོ་རྒྱུས་རི་མོའི་ཉིང་ཁྲི”ཞེས་པའི་འགྲན་བསྡུར་ཆེན་པོར་མཉམ་ལས་ཁང་གི་ཐོན་རྫས་ལ་བྱ་དགའ་རིམ་པ་གཉིས་པ་ཐོབ་ཡོད། ད་ཆ། བཟོ་བཀོད་ལེགས་པའི་ཐོན་རྫས་དེ་དག་བོད་ལྗོངས་ནས་སྔ་རྗེས་སུ་པེ་ཅིང་དང་ཧྲང་ཧའེ་སོགས་སུ་ཕྱིར་ཚོང་ཐུབ་སྟེ་ཁྲོམ་ར་རྒྱ་ཆེར་འགྲོ་བཞིན་ཡོད་པ་རེད།

    མཁར་སེ་མོ་གྲོང་ཚོའི་སྣམ་བུའི་སྲོལ་རྒྱུན་ལག་ཤེས་བུད་མེད་མཉམ་ལས་ཁང་གིས་བྱང་ཆུབ་པའི་འཐག་རྩལ་ལ་བརྟེན་ནས་ཡུལ་མི་ཚོར་བདེ་སྐྱིད་ཀྱི་ལམ་བུ་བཏོད་ཡོད། སྣེ་ཁྲིད་པ་བསམ་སྐྱིད་མཚོ་མོ་དང་ཁོང་གི“གཅེན་གཅུང་ཚོས”ལག་རྩལ་ལ་བརྟེན་ནས་འཚོ་བ་གསར་པ་བཏོད་ཡོད་ལ་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད། མཉམ་ལས་ཁང་བཙུགས་ཚུན་བུད་མེད་29བསྡུས་པར་ཁྱིམ་གྱི་སྒོ་རྩ་ནས་ལས་གཏོད་ལས་ཞུགས་ཐུབ་པར་བྱས་ཤིང་། རིམ་རྩིས་བརྒྱབ་ན། ལག་ཤེས་ཐོན་རྫས་ཁྲི་1ལྷག་ཙམ་བཟོས་པ་མ་ཟད། ད་དུང་ཐོན་རྫས་བཟོ་བའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་དང་ས་ཡུལ་དངོས་ཀྱི་འགྲེམས་ཚོང་བྱེད་སྒོ་ཐེངས་100ལྷག་ཙམ་གཅིག་སྡུད་ཐོག་གཉེར་ཡོད། 2024ལོ་ཁོ་ནར་མཉམ་ལས་ཁང་ལ་མངགས་ཐོ་རྒྱུན་ཆད་མེད་པར་འབྱོར་ནས་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་60ལྷག་ཙམ་ཟིན་ཞིང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་10000ལྷག་ཙམ་བྱུང་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།