ཀོང་ཏུང་གི་ཀོང་ཀྲོའུ་གྲུ་ཁར་སྐྱེལ་འདྲེན་ཐོན་སྐྱེད་ཀྱི་ལས་བྲེལ་ཆེ་བ།
ཉེ་བའི་ལོ་ཤས་རིང་། ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་ནན་ཧྲ་གྲུ་ཁས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། གཡོད་ཀང་ཨའོ་ཁུག་ཆེན་ཁུལ། འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་སོགས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་ཧུར་ཐག་ཞུགས་ཏེ། ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་ཡོད། དེ་དང་ཆབས་ཅིག བྱ་ཐབས་སྣ་མང་དང་། མ་གནས་དམའ་བ། ལས་ཕྱོད་ཆེ་བ་བཅས་ཀྱི་བསྡུ་འགྲེམས་སྐྱེལ་གསུམ་གྱི་མ་ལག་བསྐྲུན་པས་རྒྱལ་ཡོངས་ཀྱི་ལྕགས་ལམ་དྲ་བ་དང་གཞུང་ལམ་དྲ་བ་འབྲེལ་མཐུད་དམ་ཟབ་བྱུང་སྟེ་རྒྱལ་ཡོངས་ལ་ཁྱབ་པ་དང་འཛམ་གླིང་ལ་འབྲེལ་མཐུད་ཐུབ་པའི་ཟོག་འགྲེམས་དྲ་རྒྱ་ཞིག་བཏོད་ཡོད། འདི་ནི་ཟླ་1ཚེས་5ཉིན་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་ནན་ཧྲ་དོས་སྒམ་གྲུ་ཁའི་ལས་བྲེལ་ཆེ་བའི་རྣམ་པ་ཡིན་པ།